སྤྱི་ཟླ་7པའི་ཚེས་19ཉིན། དཀར་མཛེས་ཁུལ་ཏང་ཨུ་ཡིས་གཙོ་སྒྲུབ་བྱས་ཤིང་། དཀར་མཛེས་ཁུལ་ཏང་ཨུ་དྲིལ་བསྒྲགས་པུའུ་ཡིས་འགན་སྒྲུབ་མཛད་པའི་དཀར་མཛེས་འཆད་སྟེགས་ཞེས་པའི་ཆེད་དོན་འཆད་ཁྲིད་ཐེངས་གསུམ་པ་དེ་དར་མདོའི་ཟློས་གར་ཁང་ཏུ་སྤེལ་འགོ་ཚུགས། ཐེངས་འདིའི་འཆད་ཁྲིད་ཁྲོད་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་རིག་གཞུང་ཨུ་ཡོན་དང་དེང་རབས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་འབུམ་རམས་པ་ཏུའུ་ཡུང་པིན་གདན་ཞུ་བྱས་ཏེ་《བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས》ཞེས་པའི་ཆེད་དོན་སློབ་ཁྲིད་གནང་བ་དང་། དཀར་མཛེས་ཁུལ་གྱི་ཏང་ཨུ། ཁུལ་ཏང་ཨུ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བྱམས་ལོ་ཡིས་འཆད་ཁྲིད་ལ་གཙོ་སྐྱོང་གནང་།།