གསར་འགོད་པས་ཉེ་ཆར་ཡུལ་ཤུལ་ཁུལ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་གཞུང་ལས་ཁང་དུ་རྒྱུས་ལོན་བྱུང་བ་ལྟར་ན། ཡུལ་ཤུལ་སྲོལ་རྒྱུན་རྟ་རྒྱུགས་དུས་ཆེན་དང་སྐབས་དང་པོའི་གངས་ལྗོངས་གེ་སར་རིག་གནས་སྒྱུ་རྩལ་དུས་ཆེན་སྤྱི་ཟླ་7པའི་ཟླ་མཇུག་ཏུ་ཡུལ་ཤུལ་གྲོང་ཁྱེར་དུ་སྤེལ་འགོ་ཚུགས་རྒྱུ་རེད།
ཀྲུང་གུང་ཡུལ་ཤུལ་ཁུལ་ཨུའི་གཞུང་ལས་ཁང་། ཡུལ་ཤུལ་ཁུལ་མི་དམངས་སྲིད་གཞུང་གིས་པར་འགྲེམ་བྱས་པའི་《ཡུལ་ཤུལ་སྐབས་དང་པོའི་གངས་ལྗོངས་གེ་སར་རིག་གནས་སྒྱུ་རྩལ་དུས་ཆེན་བྱེད་སྒོའི་ཇུས་གཞི།》རུ་བསྟན་དོན། ཐེངས་འདིའི་བྱེད་སྒོའི་བརྗོད་བྱ་ནི་ཁྱོན་ཡོངས་ནས་མི་རིགས་ཁྱད་ལྡན་རིག་གནས་དང་སྤྱི་ཚོགས་འཆམ་མཐུན་འཕེལ་རྒྱས་ཀྱི་འབྲེལ་བ་དམ་འཛིན་དང་། ཐོག་མཐའ་བར་གསུམ་དུ་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་རྒྱུན་འཁྱོངས་ཏེ་གོམ་གང་མདུན་སྤོས་སྒོས་གེ་སར་རིག་གནས་རྒྱུན་འཛིན་དར་སྤེལ་དང་ཡུལ་ཤུལ་དམངས་སྲོལ་སྲོལ་རྒྱུན་འགྲེམ་སྟོན་བྱ་རྒྱུ་དང་། གེ་སར་གྱི་གནའ་བོའི་ཤེས་རིག་གི་རིག་གནས་ཐོན་ཁུངས་ཀྱི་ལེགས་ཆ་སྦྲེལ་མཐུད་བྱས་ཏེ་ཡུལ་ཤུལ་གེ་སར་ཁྱད་ལྡན་རིག་གནས་ཐོན་རྫས་དར་སྤེལ་བྱས་པ་བརྒྱུད། རིག་གནས་ཡུལ་སྐོར་མཉམ་འདྲེས་གོང་འཕེལ་དང་ས་ཁོངས་རིག་གནས་མཉམ་ལས་བརྗེ་རེས་སྐུལ་འདེད་དུ་བཏང་ནས། མི་རིགས་ས་ཁུལ་བཅོས་བསྒྱུར་སྒོ་འབྱེད་དང་དཔལ་འབྱོར་སྤྱི་ཚོགས་ཁྱོན་ཡོངས་ནས་མགྱོགས་པར་འཕེལ་རྒྱས་སུ་ཕྱིན་པར་ཁོར་ཡུག་ལེགས་པོ་བསྐྲུན་པ་དེའོ།།