སྤྱི་ཟླ་7པའི་ཚེས་4ཉིན། ཞིང་ཆེན་སྤྱི་ཚོགས་ཚན་རིག་ལས་རིགས་ཀྱིས་བཞུགས་མོལ་གྲོས་ཚོགས་འཚོགས་ཤིང་། གཅིག་བསྡུས་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་95ལོན་པའི་ཚོགས་ཆེན་ཐོག་གི་གཏམ་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཀན་ལིན་ཚོགས་འདུར་ཞུགས་ཏེ་གཏམ་བཤད་གནང་།
ཀན་ལིན་གྱི་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་གཏམ་བཤད་གལ་ཆེན་ལས་ཁྱོན་ཡོངས་ནས་རང་རེའི་ཏང་བགྲང་བྱ་95ཡི་རིང་དུ་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། འབད་འཐབ་ལྷོད་མེད་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་བརྒྱུད་རིམ་དང་རླབས་ཆེའི་བྱས་རྗེས་ཀྱི་ཕྱིར་འདང་ཐེངས་ཤིག་ཀྱང་རེད། ཁོང་གིས་མ་འོངས་པར་ཁ་ཕྱོགས་པ། འགྲན་རྩོད་ལ་ཁ་གཏད་པ། བསྒྱུར་བཅོས་དང་འཕེལ་རྒྱས། བརྟན་བརླིང་བཅས་ཀྱི་ལས་ཀ་ཁག་ལེགས་པོར་བསྒྲུབ་པ། ཏང་གི་དབུ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་དང་རང་ངོས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་དགོས་པའི་བླང་བྱ་གསལ་པོར་བཏོན་ཞིང་། ཏང་དང་མི་དམངས་བྱ་གཞག་འཕེལ་རྒྱས་ཀྱི་མདུན་ལྗོངས་འོད་ལྡན་པར་ཚན་རིག་དང་མཐུན་པའི་སྒོས་རྒྱང་ལྟ་བྱས།
ཚོགས་འདུ་རུ། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ ཞིང་ཆེན་ཏང་ཨུའི་སློབ་གསོ་བཟོ་ལས་ཨུ་ལྷན། ཞིང་ཆེན་སྤྱི་ཚོགས་ཚན་རིག་མཉམ་འབྲེལ། ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་། སི་ཁྲོན་ཉིན་རེའི་ཚགས་པར་གྱི་ཚགས་པར་ལས་རིགས་ཚོགས་པ། སི་ཁྲོན་སློབ་ཆེན། ཁྲེན་ཏུའུ་གྲོང་ཁྱེར་ཏང་ཨུའི་དྲིལ་བསྒྲགས་པུའུ། ཁྲེན་ཏུའུ་གྲོང་ཁྱེར་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་བཅས་ཀྱིས་བརྗེ་རེས་དང་གཏམ་བཤད་གནང་།།