ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུར་གཙོ་སྐྱོང་གནང་།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ། ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-23


  སྤྱི་ཟླ་6པའི་ཚེས་22ཉིན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུར་གཙོ་སྐྱོང་གནང་ནས་དམངས་ཁྲོད་ཀྱི་དངུལ་འཇོག་སྲིད་ཇུས་ལག་བསྟར་བྱས་ཚུལ་དང་ཆེད་དོན་ལྟ་སྐུལ་ཞིབ་བཤེར་ལས་ཀའི་སྙན་ཞུར་གསན། 
  ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དམངས་ཁྲོད་ཀྱི་མ་དངུལ་འཇོག་པ་བདེ་བླག་ངང་འཕེལ་རྒྱས་ཕྱིན་པར་སྐུལ་འདེད་གཏོང་པའི་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་ཐད་ཉེ་ཆར་རྒྱལ་ཡོངས་སུ་ལྟ་སྐུལ་ཞིབ་བཤེར་སྤེལ་རྒྱུ་རྩ་འཛུགས་བྱས་ཡོད་པ་མ་ཟད་ད་དུང་རྒྱལ་ཡོངས་ཀྱི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས།  སྲིད་འཛིན་སློབ་གླིང་གསུམ་གྱིས་སྲིད་ཇུས་དོན་འཁྱོལ་གནས་ཚུལ་ཐད་ཕྱོགས་གསུམ་པས་དཔྱད་ཞིབ་བྱས་པ་དང་། འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཤིན་ཧྭ་གསར་འགྱུར་ཁང་གིས་ཀྱང་ཁྱབ་ཁོངས་ཆེན་པོ་ནས་བརྟག་དཔྱད་ཞིབ་འཇུག་བྱས་ཡོད་པ་རེད།   བརྟག་དཔྱད་ཞིབ་འཇུག་གི་གནས་ཚུལ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ་ས་ཁུལ་སོ་སོས་ནན་ཏན་སྒོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་བྱས་ནས།  དམངས་ཁྲོད་ཀྱི་དངུལ་འཇོག་སྐུལ་འདེད་ཐད་ལ་བྱ་བ་མང་པོ་བསྒྲུབས། ལྷག་པར་དུ་སྲིད་བསྡུ་དབང་གཏོང་དང་དམ་ལྷོད་ཟུང་འབྲེལ། ཞབས་ཞུའི་བཅོས་སྒྱུར་ལེགས་བསྒྱུར། ཤུགས་ཆེན་པོས་དམངས་ཁྲོད་ཀྱི་དངུལ་འཇོག་གསོན་ཤུགས་ཆེ་རུ་གཏང་བ་དང་དམངས་ཀྱིས་ལས་གཏོད་བྱེད་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་འདེད་བཏང་པས་རྣམ་པ་གསར་པའི་ཚོང་རར་སྐུལ་སློང་ཐེབས་པ་དང་ནུས་ཤུགས་གསར་པའི་འཕེལ་རྒྱས་ལ་ཤུགས་སྣོན་བྱས། འོན་ཀྱང་ཞིབ་བཤེར་ཁྲོད་གནད་དོན་འགའ་ཤས་མངོན་པར་གསལ་བ་སྟེ། ཁྲིམས་སྲོལ་དང་སྲིད་ཇུས་ཁ་ཤས་ཆ་མི་འགྲིག་པ་དང་ཆ་མི་མཐུན་པ།  ད་དུང་ལག་བསྟར་ནན་ཏན་བྱས་མེད་པ།   དམངས་གཉེར་ཁེ་ལས་ཁྲོམ་རར་འཇུག་པ་དང་ཐོན་ཁུངས་བཀོད་སྒྲིག      སྲིད་གཞུང་གིས་ཞབས་ཞུ་སོགས་ཀྱི་ཐད་ལ་རྒྱབ་ཁབ་ཀྱི་ཁེ་ལས་དང་བསྡུར་ན་ཐོབ་ཐང་འདྲ་མཉམ་མིན་པ། མ་དངུལ་བསྡུ་སྒྲིག་བྱེད་དཀའ་བ་དང་བསྡུ་སྒྲིག་གི་གོང་མཐོ་བ།   དཔྱ་ཁྲལ་གྱི་ཁུར་པོ་ལྕི་བ།   ལས་བྱེད་པ་ལ་ལར་བྱས་རྗེས་མེད་པ་དང་ཐབས་ལ་མི་མཁས་པ། སྤྱོད་ལམ་མི་ལེགས་པ། ས་གནས་སྲིད་གཞུང་ལ་ལར་ཡིད་རྟོན་ཤོར་བའི་གནད་དོན་གནས་པས་དམངས་ཁྲོད་ཀྱི་མ་དངུལ་བདེ་བླག་ངང་འཕེལ་རྒྱས་སུ་ཕྱིན་པར་ཤུགས་རྐྱེན་ངན་པ་ཐེབས་པ་རེད་ཅེས་བསྟན།།   


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1