ལི་ཁེ་ཆང་གིས་ཆེ་ཁིའི་ཙུང་ལི་སོ་པོ་ཐི་ཁ་ལ་མཇལ་འཕྲད་གནང་།
ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ། ཚེ་དཔལ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 06-18
སྤྱི་ཟླ་6པའི་ཚེས་17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཆེ་ཁིའི་ཙུང་ལི་སོ་པོ་ཐི་ཁ་ལ་མཇལ་འཕྲད་གནང་།
ལི་ཁེ་ཆང་གིས་ཀྲུང་གོའི་ཕྱོགས་ནས་ཕན་ཚུན་ལ་བརྩི་བཀུར་དང་འདྲ་མཉམ་གཉིས་ཕན་གྱི་རྩ་དོན་ལྟར་ཆེ་ཁི་དང་མཉམ་དུ་ཕན་ཚུན་གྱི་ཆབ་སྲིད་ཡིད་ཆེས་སྲ་བརྟན་དང་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ལྷག་པར་དུ་མགྱོགས་མྱུར་སྒོས་དམངས་སྤྱོད་ཉིང་ནུས་དང་མྱུར་བགྲོད་ལྕགས་ལམ་སོགས་ཁྱབ་ཁོངས་ཀྱི་མཉམ་ལ་ཤུགས་སྣོན་བྱ་འདོད་པར་མ་ཟད། དེ་དང་བསྟུན་ཏེ་ཕན་ཚུན་གྱི་དངུལ་འཇོག་ལ་སྐུལ་འདེད་གཏང་དགོས། དེ་མིན་ཚོང་ར་ཕྱོགས་གསུམ་པའི་མཉམ་ལ་མཐོང་ཆེན་བྱས་ཏེ་བཟོ་སྐྲུན་ལས་རིགས་ཀྱི་མཉམ་ལས་ཆུ་ཚད་མཐོར་འདེགས་དང་དངུལ་རྩའི་མཉམ་ལས་རྒྱ་སྐྱེད་དགོས། ས་གནས་དང་འཕྲོད་བསྟེན། ཡུལ་སྐོར་སོགས་མི་ཆོས་ཁྱབ་ཁོངས་ཀྱི་བརྗེ་རེས་ལ་ཤུགས་སྣོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཛའ་མཐུན་འབྲེལ་དུས་ཡུན་རིང་བོར་བརྟན་བརླིང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས་ཞེས་བསྟན།
སོ་པོ་ཐི་ཁ་ཡིས་ཆི་ཁིའི་ཕྱོགས་ནས་གོམ་གང་མདུན་སྤོས་སྒོས་རྒྱལ་ཁབ་གཉིས་ཀྱི་མཁའ་བསྐྱོད་དང་དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་ཤུགས་ཆེན་པོས་16+1ཡི་མཉམ་ལས་རྒྱབ་སྐྱོར་བྱེད་པ། གོམ་གང་མདུན་སྤོས་སྒོས་ཡོ་རོབ་དང་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཡོ་རོབ་ཤར་མའི་རྒྱལ་ཁབ་དང་ཀྲུང་གོའི་བར་གྱི་དངུལ་རྩའི་མཉམ་ལས་ཀྱི་ལྟེ་གནས་དང་འགྲིམ་འགྲུལ་འགག་རྩ་བསྐྲུན་པར་འདོད་ཅེས་བསྟན།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1