ཞིང་ཆེན་ཏང་ཨུའི་ལྟེ་བའི་ཚོགས་ཆུང་གིས་ཐེངས་དང་པོའི་གཉིས་སློབ་གཅིག་བྱེད་ཀྱི་སློབ་སྦྱོང་དང་སློབ་གསོའི་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་པ།
ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 05-23
སྤྱི་ཟླ་5པའི་ཚེས་22ཉིན། ཞིང་ཆེན་ཏང་ཨུའི་ལྟེ་བའི་ཚོགས་ཆུང་གིས་ཐེངས་དང་པོའི་གཉིས་སློབ་གཅིག་བྱེད་ཀྱི་སློབ་སྦྱོང་དང་སློབ་གསོའི་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་ཤིང་། གཅིག་བསྡུས་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་གཉེར་སྐོར་གྱི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་དང་སི་ཁྲོན་གྱི་ལས་ཀའི་ཐད་ལ་གནང་བའི་གལ་ཆེའི་མཛུབ་སྟོན་སློབ་སྦྱོང་བྱས་པ་དང་། ཕྱོགས་བསྡོམས་སྒོས་ལག་བསྟར་དོན་འཁྱོལ་བྱེད་པའི་གནས་ཚུལ་ལ་དབྱེ་ཞིབ་བྱས་ཤིང་། ལས་ཀའི་ཐད་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་དགོས་པའི་ཞིབ་ཕྲའི་བྱེད་ཐབས་བཏོན།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཕྱོགས་བསྡོམས་གསུང་བཤད་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱིས་ལི། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙུན་ཕིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཀོ་ཀྲུང་སོགས་སློབ་སྦྱོང་ཚོགས་འདུར་ཞུགས། སློབ་སྦྱོང་ཚོགས་འདུའི་ཐོག་ཚོགས་འདུར་ཞུགས་པའི་བློ་མཐུན་རྣམས་ཀྱིས་ཀྲུང་དབྱང་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་ཞེ་ཁྲུན་ཐའོ་ཡིས་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་གཉེར་སྐོར་གྱི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པའི་ཆེད་དོན་ཟུར་ཁྲིད་སྙན་ཞུར་གསན།།