ལས་ཞུགས་དབུལ་སྐྱོར་གྱིས་ལས་གནས་མཁོ་སྤྲོད་བྱེད་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མ'ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 05-19


     དཀར་མཛེས་ཁུལ་ལས་ཞུགས་ཅུས་དང་ལྕགས་ཟམ་རྫོང་ལས་ཞུགས་ཅུས་ཀྱིས་མཉམ་དུ་སྤེལ་བའི་སི་ཁྲོན་ཞིང་ཆེན་བོད་ཁུལ་ལས་ཞུགས་ཀྱི་ཆེད་དོན་ལས་བསྡུ་ཚོགས་འདུའི་ལས་ཞུགས་དབུལ་སྐྱོར་གྱིས་ལས་གནས་སྤྲོད་པ་དང་། ལས་བསྡུ་སློབ་ར་ལ་བསྐྱོད་པ་ཞེས་པའི་བྱེད་སྒོ་དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་རུ་འགོ་ཚུགས། ཐེངས་འདིའི་བྱེད་སྒོས་ཁེ་ལས་དང་བཟོ་ལས་ལག་རྩལ་སློབ་གླིང་བར་ལ་སྦྲེལ་མཐུད་སྟེགས་བུ་ཞིག་བསྐྲུན་པ་དང་། སློབ་གླིང་གི་མཐར་ཕྱིན་སློབ་མ་དག་གི་མདུན་དུ་ལས་གནས་བསྐྱལ་བས། ཁེ་ལས་དང་བཟོ་ལས་ལག་རྩལ་སློབ་གླིང་བར་ལ་སྦྲེལ་མཐུད་ཀྱི་སྟེགས་བུ་ཞིག་བསྐྲུན་པ་དང་། ཁེ་ལས་ཀྱི་ལས་མི་བཀོལ་བ་དང་ལས་གནས་བརྟན་པོ་ཡོང་བ་ཐག་གཅོད་བྱས་ཏེ་སློབ་མས་ལས་འདེམས་ལས་ཞུགས་ལ་མཛུབ་ཁྲིད་གནང་།
     བྱེད་སྒོའི་ཁྲོད། ཞིང་ཆེན་དང་ཁུལ། རྫོང་བཅས་ནས་ཡོང་བའི་ཁེ་ལས་42ཚོགས་རར་ཕེབས་ཏེ་ལས་མི་བསྡུས་པ་དང་། བསྡོམས་རྩིས་བྱས་པ་ལྟར་ན། ཐེངས་འདིའི་ལས་བསྡུའི་ཚོགས་འདུར་དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་ལོ་དེའི་མཐར་ཕྱིན་སློབ་མ་བསྡོམས་པས་མི་470ལས་བསྡུའི་ཚོགས་འདུར་ཞུགས། གནད་སྨིན་དབུལ་སྐྱོར་དུད་ཚང་དང་ཕྱིར་ལོག་པའི་དམག་མི། ལས་ཞུགས་བྱས་མེད་པའི་མཐོ་རིམ་སློབ་གྲུའི་མཐར་ཕྱིན་སློབ་མ་སོགས་ལས་རིགས་ཁག་གི་ལས་ཤོར་མི་སྣ་500ལྷག་ལས་བསྡུའི་ཚོགས་འདུར་ཞུགས། ཐོག་མའི་ལས་ཞུགས་བསམ་འདུན་ལ་གྲོས་མཐུན་ཡོད་པའི་མི་799ཡོད་པ་དང་།  དུས་མཚུངས་སུ། དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མ་1000ལྷག་གིས་ཐེངས་དེའི་ལས་བསྡུའི་ཚོགས་འདུར་ལྟ་སྐོར་བྱས། 
    ཐེངས་དེའི་སི་ཁྲོན་ཞིང་ཆེན་གྱི་བོད་ཁུལ་ལས་ཞུགས་ཆེད་དོན་ལས་བསྡུའི་ཚོགས་འདུ་ཐོག་ལ་ཞུགས་པའི་ཁེ་ལས་ཀྱིས་ལས་བསྡུ་ལ་ཕེབས་པའི་ལས་ཀ་འཚོལ་མཁན་གྱི་ཡ་རབས་སྤྱོད་ཚུལ་དང་ཕྱོགས་བསྡུས་ཀྱི་བྱང་ཚད་སོགས་ཀྱི་ཐད་ལ་བསྔགས་བརྗོད་ཆེན་པོ་བྱས། ཐེངས་དེའི་གདན་ཞུའི་ཚོགས་འདུས་ཁེ་ལས་དང་ལས་འཚོལ་མཁན་བར་ལ་ཕྱོགས་གཉིས་ཀྱིས་འཇོན་ཐང་ཅན་བདམས་བཀོད་བྱེད་པའི་སྟེགས་བུ་ཡག་པོ་ཞིག་བསྐྲུན་པར་མ་ཟད། ཕྱོགས་ཡོང་ནས་ལྕགས་ཟམ་རྫོང་ལས་ཞུགས་སྡེ་ཁག་གི་ལས་བསྡུ་ཞབས་ཞུའི་ཆུ་ཚད་ཇེ་མཐོར་བཏང་། དེས་སྤུས་ཚད་མཐོ་ཞིང་ནུས་རྩལ་མཐོ་བའི་ལས་ཞུགས་ནུས་པར་སྐུལ་འདེད་བཏང་བ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1