སྤྱི་ཟླ་5པའི་ཚེས་17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་མཚམས་འདྲིར་ཕེབས་པའི་ཨབ་གྷན་སི་ཐན་གྱི་དབུ་བཞུགས་ལག་བསྟར་དཔོན་པོ་ཨ་པུ་ཏུའོ་ལ་ལ་མཇལ་ཕྲད་གནང་།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨབ་གྷན་སི་ཐན་ནི་སྲོལ་རྒྱུན་མཛའ་མཐུན་ཅན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཅིན་ཡིན་པས་འབྲེལ་བ་བཙུགས་ནས་ལོ་ངོ་60ཡི་རིང་། ཀྲུང་གོ་དང་ཨབ་གྷན་སི་ཐན་ཕྱོགས་གཉིས་ཀྱིས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་སྟེ། ཕན་ཚུན་བརྩི་སྲུང་། ཕན་ཚུན་བསམ་ཤེས། ཕན་ཚུན་ཡིད་ཆེས། ཕན་ཚུན་རྒྱབ་སྐྱོར་དང་ཁྱིམ་མཚེས་མཛའ་གཅུགས་ཀྱི་འབྲེལ་བ་ཟམ་མི་ཆད་པར་ཆེ་རུ་གཏང་དགོས་ཞེས་བསྟན།
ཨ་པུ་ཏུའོ་ཡིས་ཨབ་གྷན་སི་ཐན་ཕྱོགས་ནས་ཀྲུང་གོས་ཨབ་གྷན་སི་ཐན་ཆེས་དཀའ་ཁག་ཆེ་དུས་རོགས་འདེགས་བྱས་པར་བཀའ་དྲིན་བྱེད་བཞིན་ཡོད་ཅེས་བསྟན།།