གསེར་རྟའི་གསར་འགྱུར་ཆ་འཕྲིན་གྱི་འཕྲིན་ཕྲན་སྤྱི་སྟེགས་ཐོག་མ་ཤར་གཏོང་བྱས།
ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 05-16
པར་རིས་དང་ཡེ་གེ་ཟུང་འདུས། སྒྲ་ལྡན་གྱི་གསར་འགྱུར་ཆ་འཕྲིན་ཤར་གཏོང་ཐུབ་པས། རྫོང་དེའི་འཕྲིན་སྦྱོར་གསར་པ་བེད་སྤྱོད་བྱས་པ་མཚོན་ཞིང་། དྲིལ་བསྒྲགས་ཀྱི་བརྒྱུད་ལམ་རྒྱ་བསྐྱེད་པར་གོམ་པ་གསར་པ་ཞིག་སྤོས།
དྲིལ་བསྒྲགས་ཀྱི་བརྒྱུད་ལམ་རྒྱ་བསྐྱེད་པ་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏང་བ། སྲོལ་རྒྱུན་འཕྲིན་སྦྱོར་གྱི་ཁྱབ་ཚད་འཐུས་ཚང་མིན་པ་ཁ་སྐོང་བྱེད་པ། འབྲོག་པ་མང་ཚོགས་ཁ་ཤས་ཀྱིས་ས་གནས་གསར་འགྱུར་ལ་ལྟ་མི་ཐུབ་པའི་ཞན་ཆ་ཁ་གསབ་གཏོང་ཆེད། རྫོང་དེས་གསེར་མདོག་གི་ཕ་ཡུལ་ཞེས་པའི་སྐད་འཕྲིན་གྱི་སྤྱི་དམངས་སྟེགས་བུ་བསྐྲུན། སྲོལ་རྒྱུན་གྱི་སྨྱན་སྦྱོར+གསར་དར་གྱི་སྨྱན་སྦྱོར་གྱི་བྱེད་ཐབས་སྤྱད་དེ་ས་གནས་གྱི་ཏང་ཨུ་དང་སྲིད་གཞུང་གི་གསར་འགྱུར་བརྡ་འཕྲིན། སྲིད་ཇུས་དང་ཁྲིམས་སྲོལ། མི་ཆོས་ཡུལ་ལྗོངས་སོགས་མཉམ་གཏོང་བྱས་ཏེ། ཏང་གི་སྐད་སྒྲ་དེ་དུས་རབས་ཀྱི་དབྱངས་རྟ་དྲག་པོར་གྱུར་པར་ཁྱབ་ཁོངས་རྒྱ་བསྐྱེད་བཞིན་ཡོད།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1