ཞི་ཅིན་ཕིང་གིས་ཧྥུའུ་ཅན་སན་མིང་གྲོང་ཁྱེར་ཐེ་ཉིན་རྫོང་ཁེ་ཧྲན་ཡུལ་ཤོག་གི་རི་ཉིལ་གནོད་སེལ་གྱི་མྱུར་སྐྱོབ་ལས་ཀར་མཛུབ་སྟོན་གལ་ཆེན་གནང་།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ། ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-09


  སྤྱི་ཟླ་5པའི་ཚེས་8ཉིན། ཧྥུའུ་ཅན་སན་མིང་གྲོང་ཁྱེར་ཐེ་ཉིན་རྫོང་ཁེ་ཧྲན་ཡུལ་ཤོག་ཏུ་རི་ཉིལ་དོན་རྐྱེན་བྱུང་སྟེ་ཁྲི་ཐན་ཆུ་གློག་བཟོ་གྲྭའི་གཞུང་སྒྲུབ་ཐོག་ཁང་གཅིག་བརྡིབས་པ་དང་ལས་གཞིའི་བཟོ་གྲྭའི་མལ་ཁང་ཞིག་འདམ་རྡོའི་འོག་མནན། ཆུ་ཚོད་བཅུ་གཉིས་བར་མི་7ལ་རྨས་ཕོག་པ་དང་མི་34ལ་འབྲེལ་ལམ་ཆད་པ་རེད། 
  གནོད་འཚེ་བྱུང་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གནོད་འཚེ་དོན་རྐྱེན་དེར་ཚད་མཐོ་བའི་མཐོང་ཆེན་བྱེད་བཞིན་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དོན་རྐྱེན་དེའི་ཐད་ལ་མྱུར་དུ་མཛུབ་སྟོན་གལ་ཆེན་གནང་བ་སྟེ། ཧྥུའུ་ཅན་ཞིང་ཆེན་དང་འབྲེལ་ཡོད་སྡེ་ཁག་གིས་མྱུར་དུ་སྟོབས་ཤུགས་རྩ་འཛུགས་བྱས་ཏེ་གནོད་སེལ་རྒུད་སྐྱོབ་བྱེད་པ་དང་སྟོབས་ཤུགས་ཡོད་རྒུས་ཐར་མ་ཐུབ་པ་དང་འབྲེལ་ལམ་ཆད་པའི་མི་སྣར་མྱུར་དུ་འཚོལ་ཞིབ་བྱས་ཏེ་མི་སྣ་ཤི་རྨས་ཀྱི་ཚད་ཇེ་དམའ་རུ་གཏང་བར་འབད་བརྩོན་བྱེད་དགོས་པར་མ་ཟད། འོས་མཐུན་སྒོས་རྨས་མ་མྱུར་སྐྱོབ་ལེགས་པོ་བྱེད་པ་དང་གནོད་འཚེ་ཁྲོད་རྐྱེན་ལམ་དུ་ཤོར་བའི་ཁྱིམ་མིར་སེམས་གསོ་བྱེད་པ་སོགས་ཀྱི་ལས་ཀར་བཀོད་སྒྲིག་ལེགས་པོར་བྱ་དགོས། ལྟ་ཞིབ་ཚད་ལེན་སྔོན་བརྡར་ཤུགས་སྣོན་དང་ཚན་རིག་དང་མཐུན་པའི་མྱུར་སྐྱོབ་ལ་དོ་སྣང་བྱས་ཏེ་གནོད་འཚེ་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱ་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་ས་གནས་དང་ཁེ་ལས་ལ་མཛུབ་སྟོན་བྱས་ཏེ་གནོད་འཚེ་དང་བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁ་སྣ་ཚོགས་ལ་ཞིབ་བཤེར་དང་འགན་ཁུར་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཁག་ཐེག་བྱ་དགོས་པའི་རེ་བ་བཏོན།། 


རྩོམ་ཡིག་སྔོན་མ།
རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1