སྤྱི་ཟླ་5པའི་ཚེས་4ནས་ཚེས་6བར་དུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་ཡིས་དཀར་མཛེས་ཁུལ་དུ་བརྟག་ཞིབ་གནང་། གཏིང་ཟབ་པའི་སྒོ་ནས་ཀྲུང་དབྱང་གི་ཐེངས་དྲུག་པའི་བོད་ལྗོངས་ལས་ཀའི་བཞུགས་མོལ་ཚོགས་འདུ་དང་རྒྱལ་ཡོངས་ཆོས་ལུགས་ལས་ཀའི་ཚོགས་འདུ། ཞིང་ཆེན་ཏང་ཨུའི་བོད་ཁུལ་ལས་ཀའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་བྱེད་པ་དང་། འགག་རྩ་དང་རྩ་གནད་དམ་འཛིན་བྱས་ཏེ་སྟོབས་ཤུགས་ཆེན་པོས་བོད་ཁུལ་གྱི་དམངས་འཚོ་འཕེལ་རྒྱས་དང་ལས་ཀ་ཁག་བརྟན་བརླིང་ཡོང་བར་དམ་འཛིན་བྱ་དགོས་ཞེས་བསྟན།
ཉིན་གསུམ་གྱི་དུས་ཚོད་ནང་། དབྱི་ལི་ཡིས་སེར་ཤུལ་རྫོང་དང་དཀར་མཛེས་རྫོང་། གསེར་རྟ་རྫོང་། བྲག་འགོ་རྫོང་། རྟའུ་རྫོང་སོགས་སུ་ཟབ་ཞུགས་གནང་ཞིང་། གྲོང་ཚོ་དང་དུད་ཚང་དུ་ཕྱིན་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་དང་། དབུལ་སྒྲོལ་འགག་སྒྲོལ། ཐོན་ལས་འཕེལ་རྒྱས། དགོན་སྡེ་དོ་དམ། ཐུམ་འབུའི་ནད་འགོག་བཅོས་སོགས་གཙོ་གནད་ལས་ཀར་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་།