སྡེ་རོང་རྫོང་གིས་ཨེ་འགོག་དྲིལ་བསྒྲགས་ལ་ཤུགས་སྣོན་བྱས་ཏེ་བདེ་འཇགས་ཀྱི་འདུ་ཤེས་ཇེ་ཆེར་བཏང་བ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 04-20


    

     སྤྱི་ཟླ་4པའི་ཚེས་13ནས་16བར། སྡེ་རོང་རྫོང་ཨུའི་དྲིལ་བསྒྲགས་པུའུ་དང་རྫོང་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཅུས་ཀྱི་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ས་ཁུལ་གྱི་འཕྲོད་བསྟེན་འཕེལ་རྒྱས་ཡར་སྐུལ་ཚོགས་པའི་ཨེ་འགོག་དྲིལ་བསྒྲགས་སློབ་གསོ་ལྟེ་གནས་ཀྱི་དང་བླངས་པ་4ལ་གཞོགས་འདེགས་བྱས་ནས། རྫོང་དེའི་རྫིའུ་ཡུལ་ཤོག་དང་ཕུ་མདོ་ཡུལ་ཤོག་འབུམ་མོ་ཡུལ་ཚོ། ཆུ་གཡར་སྒང་ཡུལ་ཤོག་གཡས་མགོ་ཡུལ་ཚོ་དང་རྫོང་འཕྲོད་བསྟེན་བུ་བཙའ་ཅུས་ནས་གཞི་རིམ་གྱི་མང་ཚོགས་དང་འཕྲོད་བསྟེན་ལས་བྱེད་མི་སྣ་དག་ལ་དམིགས་ཏེ་ཨེ་ནད་སྔོན་འགོག་གི་ཤེས་བྱ་སྒྲོག་འགྲེལ་བྱེད་སྒོ་སྤེལ།

      དུས་ཡུན་ཉིན་4ཡི་ཨེ་ནད་སྔོན་འགོག་གི་དྲིལ་བསྒྲགས་ཁྲོད། རྫོང་དེའི་ལས་བྱེད་པ་དང་མང་ཚོགས་བསྡོམས་པས་མི་900ལྷག་དྲིལ་བསྒྲགས་ཁྲོད་དུ་ཞུགས་པ། དྲིལ་བསྒྲགས་དང་བླངས་པས་ད་དུང་རྫོང་དེའི་འཕྲོད་བསྟེན་དྲིལ་བསྒྲགས་དང་བླངས་པར་གྲངས་ཉུང་མི་རིགས་ས་ཁུལ་དུ་ཨེ་འགོག་དྲིལ་བསྒྲགས་བྱེད་སྒོ་སྤེལ་པའི་ཉམས་མྱོང་མཉམ་སྤྱོད་བྱས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1