ལི་ཁེ་ཆང་གིས་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་སྲིད་གཞུང་འགན་ཁུར་པ་གཙོ་བོའི་དཔལ་འབྱོར་གནས་བབ་ཐད་ཀྱི་བཞུགས་མོལ་ཚོགས་འདུར་གཙོ་སྐྱོར་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-12


          སྤྱི་ཟླ་4པའི་ཚེས་11ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ལྷན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆིང་གིས་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་སྲིད་གཞུང་འགན་ཁུར་པ་གཙོ་བོའི་དཔལ་འབྱོར་གནས་བབ་ཐད་ཀྱི་བཞུགས་ མོལ་ཚོགས་འདུར་གཙོ་སྐྱོར་བྱས་ཏེ། མིག་སྔར་གྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ལ་དབྱེ་འབྱེད་ཞིབ་འཇུག་དང་རྗེས་ཕྱོགས་ཀྱི་དཔལ་འབྱོར་ལས་ཀ་ལེགས་པོར་འཁྱོངས་པའི་ཐད་ལ་བླང་བྱ་གལ་ཆེན་བཏོན། 

          ཚོགས་འདུའི་སྟེང་ཧུའུ་པའེ་ཞིང་ཆེན་ཧོ་པའེ་ཞིང་ཆེན་དང་ལིའོ་ལིང་ཞིང་ཆེན། ཅང་སུའུ་ཞིང་ཆེན། ཧྲན་ཏུང་ཞིང་ཆེན་སོགས་ཀྱི་ཞིང་དཔོན་རྣམས་ཀྱིས་རང་ས་གནས་ཀྱི་དཔལ་འབྱོར་འཕེལ་ཕྱོགས་ཐད་ཀྱི་སྙན་ཞུ་ཕུལ་བ་མ་ཟད་འབྲེལ་ཡོད་བསམ་འཆར་བཏོན། 

ལི་ཁེ་ཆིང་གིས་མིག་སྔའི་དཔལ་འབྱོར་འཁོར་སྐྱོད་བརྟན་ཐོག་ལེགས་འཕེལ་གྱི་རྐྱེན་མང་དུ་འཕེལ་བཞིན་ཡོད་ནའང་། དཔལ་འབྱོར་མར་ཆག་པའི་གནོན་ཤུགས་སྔར་བཞིན་ཆེ། རྒྱལ་སྤྱིའི་ཁོར་ཡུག་ཁྲོད་བརྟན་བརླིང་མིན་པ་དང་གཏན་ཁེལ་མིན་པའི་རྒྱུ་རྐྱེན་གསར་པ་སྔར་བཞིན་འཕར་ཞིང་། རྒྱལ་ནང་དངོས་གཉེར་དཔལ་འབྱོར་འཕེལ་རྒྱས་ཐད་དཀའ་ཁག་གང་མང་ཕྲད་ཡོད་པས་ཁྱབ་ཁོངས་ཁ་ཤས་ཀྱི་ཉེན་ཁར་སྣང་མེད་དུ་གཏོང་མི་རུང་སྟེ། ངེས་པར་དུ་འགྲན་རྩོད་ལ་ཁ་གཏད་ནས་རྨང་གཞི་སྲ་བརྟན་དུ་གཏང་དགོས་པར་མ་ཟད། ཀྲུང་དབྱང་དང་ས་གནས་ཀྱི་ཧུར་བརྩོན་རང་བཞིན་འདོན་སྤེལ་ཡག་པོ་བྱས་ཏེ་དཔལ་འབྱོར་བརྟན་ཐོག་ལེགས་འཕེལ་ཡོང་བར་སྟོབས་ཤུགས་འདོན་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1