ཝང་ཏུང་མིང་གིས་མིང་དུ་གྲགས་པའི་དམངས་གཉེར་ཁེ་ལས་པའི་འཐུས་ཚབ་དང་མཇལ་འཕྲད་གནང་།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-12
སྤྱི་ཟླ་4པའི་ཚེས་11ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཁྲེན་ཏུའུ་རུ་མིང་དུ་གྲགས་པའི་དམངས་གཉེར་ཁེ་ལས་པའི་འཐུས་ཚབ་དང་མཇལ་འཕྲད་གནང་། ཁོ་ཚོ་སི་ཁྲོན་དུ་ཕེབས་ཏེ་2016ལོའི་རྒྱལ་ཁབ་ཕྱི་ནང་གི་མིང་དུ་གྲགས་པའི་ཁེ་ལས་སི་ཁྲོན་དུ་བསྐྱོད་པའི་བྱེད་སྒོར་ཞུགས་པར་དགའ་བསུ་ཞུས།
ཝང་ཏུང་མིང་གིས་ཁོ་ཚོས་སི་ཁྲོན་དུ་མ་དངུལ་བཏང་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པར་རྟེན་འབྲེལ་ཞུས།
ཝང་ཏུང་མིང་གིས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ། སི་ཁྲོན་གྱི་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་སུ་ཕྱིན་པ་དང་། སྤྱི་འབོར་རྒྱུན་མཐུད་ངང་སྒོར་དུང་ཕྱུར་ཁྲི་གཉིས་བརྒལ་ནས་སྒོར་དུང་ཕྱུར་ཁྲི་གསུམ་གྱི་འགག་སྒོ་ཆེན་པོ་བརྒལ། ལྷག་པར་དུ་ཐོན་ལས་ཀྱི་རྣམ་སྒྱུར་རིམ་སྤོར་ཐད་གྲུབ་འབྲས་མངོན་གསལ་ཐོབ་ཡོད། མཐོ་རིམ་ལག་རྩལ་གསར་པའི་ཐོན་ལས་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཇེ་མང་དུ་འགྲོ་བཞིན་ཡོད་ཅེས་བསྟན།
མཇལ་འཕྲད་ཀྱི་སྐབས་སུ། ཁེ་ལས་སོ་སོས་སི་ཁྲོན་དུ་འཕེལ་རྒྱས་ཀྱི་གནས་ཚུལ་དང་མ་འོངས་པའི་འཆར་གཞི། སི་ཁྲོན་ཏང་ཨུ་དང་མི་དམངས་སྲིད་གཞུང་གིས་དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ལ་ཚད་མཐོ་བའི་མཐོང་ཆེན་དང་ཤུགས་ཆེན་པོའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས།།