2016ལོ་ནས་བཟུང་། ཧུང་ཡོན་རྫོང་གིས་རྫོང་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་རྒྱུད་འཛིན་པར་ཁ་གསབ་རོགས་དངུལ་སྤྲོད་པའི་ལམ་སྲོལ་འཛུགས་རྒྱུ་ཡིན་ལ། ཧུང་ཡོན་རྫོང་གི་གཟུགས་མེད་ཤུལ་བཞག་རིག་གནས་རྣམ་གྲངས་ཀྱི་རྫོང་རིམ་པའི་རྒྱུད་འཛིན་པ་41ལ་ལོ་རེར་མི་རེ་ལ་སྒོར་500ཡི་ཁ་གསབ་རོགས་དངུལ་སྤྲོད་པ་དང་། རྒྱུད་འཛིན་པས་སློབ་མ་བསྡུས་ནས་ལག་རྩལ་བསླབ་པ་དང་སྤྱི་ཕན་དྲིལ་སྒྲོག་བྱེད་སྒོར་ཞུགས་རྒྱུ་སོགས་ལ་སྐུལ་མ་དང་རྒྱབ་སྐྱོར་བྱེད་པའི་ཆེད་དུ་ཡིན།