ཞི་ཅིན་ཕིང་ཉིང་རྡུལ་བདེ་འཇགས་ཀྱི་མཐོ་རིམ་གྲོས་ཚོགས་ཐེངས་བཞི་པར་ཞུགས་པར་མ་ཟད་གསུང་བཤད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-03


    སྤྱི་ཟླ་4པའི་ཚེས་1ཉིན།  ཉིང་རྡུལ་བདེ་འཇགས་ཀྱི་མཐོ་རིམ་གྲོས་ཚོགས་ཐེངས་བཞི་པ་ཨ་མེ་རི་ཁའི་རྒྱལ་ས་ཝ་ཧྲིང་ཐོན་ནས་འཚོགས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་སུ་ཞུགས་པར་མ་ཟད་ཁ་བྱང་ལ་རྒྱལ་སྤྱིའི་ཉིང་རྡུལ་བདེ་འཇགས་མ་ལག་ལ་ཤུགས་སྣོན་བྱས་ཏེ། འཛམ་གླིང་ཡོངས་ཀྱི་ཉིང་རྡུལ་བདེ་འཇགས་བཅོས་སྐྱོང་ལ་སྐུལ་འདེད་གཏང་བ།ཞེས་པའི་གསུང་བཤད་གལ་ཆེན་གནང་སྟེ། འདྲ་མཉམ་དང་མཉམ་ལས། མཉམ་རྒྱལ་བཅས་ཀྱི་རྒྱལ་སྤྱིའི་ཉིང་རྡུལ་བདེ་འཇགས་མ་ལག་འཛུགས་སྐྲུན་བྱ་པར་དམིགས་ནས། ཀྲུང་གོའི་སྲིད་ཇུས་ཀྱི་ལངས་ཕྱོགས་ཁྱོན་ཡོངས་ནས་ཞིབ་བརྗོད་མཛད་པ་དང་། ཀྲུང་གོས་ཉིང་རྡུལ་བདེ་འཇགས་ཁྱབ་ཁོངས་སུ་བླངས་པའི་གྲུབ་འབྲས་གསར་པ་མཚམས་སྦྱོར་མཛད་པར་མ་ཟད། ཀྲུང་གོས་ཉིང་རྡུལ་བདེ་འཇགས་ལ་ཤུགས་སྣོན་དང་རྒྱལ་སྤྱིའི་མཉམ་ལས་ལ་ཧུར་ཐག་སྒོས་སྐུལ་འདེད་གཏང་རྒྱུའི་བྱེད་ཐབས་ཁྱབ་བསྒྲགས་གནང།

    ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ཀྱི་བརྗོད་བྱ་གཙོ་བོ་ནི་རྒྱལ་སྤྱིའི་ཉིང་རྡུལ་བདེ་འཇགས་མ་ལག་ལ་ཤུགས་སྣོན་བྱ་དགོས་ཞེས་པ་དེ་ཡིན་ལ།  རྒྱལ་ཁབ་ང་གཉིས་ཀྱི་འགན་འཛིན་པ་དང་འཐུས་མི། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ་བཅས་གྲོས་ཚོགས་སུ་ཞུགས།

    ཞི་ཅིན་ཕིང་གིས་ངས་ཧེ་ཡ་ནས་བསྡུས་པའི་ཉིང་རྡུལ་བདེ་འཇགས་ཀྱི་མཐོ་རིམ་གྲོས་ཚོགས་ཐེངས་གསུམ་པའི་སྟེང་འདྲ་མཉམ་དང་མཉམ་ལས། མཉམ་རྒྱལ་བཅས་ཀྱི་རྒྱལ་སྤྱིའི་ཉིང་རྡུལ་བདེ་འཇགས་མ་ལག་འཛུགས་སྐྲུན་བྱ་དགོས་པའི་བསམ་ཚུལ་བཏོན་པ་ཡིན།  དེའི་རྐྱེན་གྱིས་ང་ཚོས་ཆབ་སྲིད་བྱ་བ་ལེགས་པོར་བསྒྲུབ་པ་དང་། རྒྱལ་སྤྱིའི་ཐུན་མོང་གི་ལྟ་བ་གཅིག་བསྡུ་བྱས་ཏེ་མཉམ་ལས་མཉམ་རྒྱལ་དཀྱིལ་སྙིང་ཡིན་པའི་རྣམ་པ་གསར་པའི་རྒྱལ་སྤྱིའི་འབྲེལ་བ་འཛུགས་སྐྲུན་བྱེད་པ་དང་། རྩ་ལག་མཉམ་བཅོས་ཀྱི་ཁ་ཕྱོགས་གཙོ་བོར་བཟུང་ནས་འཛམ་གླིང་ཡོངས་ཀྱི་བདེ་འཇགས་བཅོས་སྐྱོང་ལ་སྐུལ་འདེད་གཏང་དགོས། རྒྱལ་ཁབ་ཀྱི་འགན་འཁྲིར་ཤུགས་སྣོན་དང་ཉིང་རྡུལ་བདེ་འཇགས་འཐབ་ཇུས་བཀོད་སྒྲིག་དང་ལག་བསྟར་བྱས་ནས། ཡུན་རིང་ལ་གོ་ཆོད་པའི་བདེ་འཇགས་འགོག་སྲུང་མ་ལག་འཛུགས་སྐྲུན་བྱ་དགོས། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་དང་། ཉིང་རྡུལ་བདེ་འཇགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱས་ནས། མཐུན་སྦྱོར་སྒོས་བདེ་འཇགས་ལ་སྐུལ་འདེད་གཏོང་དགོས། དེ་མིན་ཉིང་རྡུལ་བདེ་འཇགས་རིག་གནས་དམིགས་སུ་བཟུང་ནས་མཉམ་འཛུགས་མཉམ་སྤྱོད་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས་ཞེས་བསྟན། །




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1