ཞི་ཅིན་ཕིང་གིས་ཕ་ཀི་སི་ཐན་དུ་འཇིགས་སྐུལ་པའི་འཇབ་རྒོལ་དོན་རྐྱེན་ཚབས་ཆེན་བྱུང་པར་ཕ་ཀི་སི་ཐན་གྱི་སྲིད་འཛིན་མ་མོའོ་ནོ་ཨིན་ཧིག་སེ་དབྱིན་ལ་སེམས་གསོ་ཞུ་བའི་གློག་འཕྲིན་བཏང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-30


    སྤྱི་ཟླ་3པའི་ཚེས་28ཉིན། ཞི་ཅིན་ཕིང་གིས་ཕ་ཀི་སི་ཐན་དུ་འཇིགས་སྐུལ་པའི་འཇབ་རྒོལ་དོན་རྐྱེན་ཚབས་ཆེན་བྱུང་པར་ཕ་ཀི་སི་ཐན་གྱི་སྲིད་འཛིན་མ་མོའོ་ནོ་ཨིན་ཧིག་སེ་དབྱིན་ལ་སེམས་གསོ་ཞུ་བའི་གློག་འཕྲིན་བཏང་།

    ཞི་ཅིན་ཕིང་གིས་སེམས་གསོའི་གློག་འཕྲིན་ནང་ཕ་ཀི་སི་ཐན་རྒྱལ་ཁབ་ཀྱི་ལ་ཧིར་རུ་འཇིགས་སྐུལ་པའི་འཇབ་རྒོལ་དོན་རྐྱེན་ཚབས་ཆེན་བྱུང་ནས་མི་སྣ་མང་པོ་ཤི་རྨས་བྱུང་་བ་རེད། བདག་གིས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་མཛད་བྱས་ཤིང་། དེ་མིན་ང་རང་ཉིད་ཀྱི་མིང་ཐོག་ནས་རྐྱེན་ལམ་དུ་ཤོར་བ་རྣམས་ལ་མྱ་ངན་ཞུ་བ་དང་རྨས་ཕོག་པ་དང་རྐྱེན་ལམ་དུ་ཤོར་བའི་ཁྱིམ་མིར་ལྷག་བསམ་རྣམ་དག་གིས་སེམས་གསོའི་འཚམས་འདྲི་ཞུས་པ་ཡིན། ཀྲུང་གོའི་ཕྱོགས་ནས་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལ་ངོ་རྒོལ་དང་ཐེངས་འདིའི་འཇིགས་སྐུལ་པའི་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ་ཡིན། ཀྲུང་གོའི་ཕྱོགས་ནས་བློ་སེམས་འགྱུར་མེད་ཀྱིས་ཕ་ཀི་སི་ཐན་གྱིས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་དང་རྒྱལ་ཁབ་བརྟན་འཇགས། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་རྒྱལ་སྐྱོར་བྱེད་ངེས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1