སྤྱི་ཟླ་3པའི་ཚེས་11ནས་ཚེས་16བར། ཞིང་ཨུའི་དྲིལ་བསྒྲགས་པུའུ་ཡི་བརྟག་ཞིབ་ཚན་ཆུང་གིས་དཀར་མཛེས་རྫོང་དུ་བོད་ཁུལ་གྱི་རིག་གནས་དྲིལ་བསྒྲགས་ཀྱི་གཙོ་གནད་ལས་ཀ་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་།
བརྟག་ཞིབ་ཚན་ཆུང་དཀར་མཛེས་རྫོང་ཨུའི་དྲིལ་བསྒྲགས་པུའུ་དང་། རྫོང་ཨུའི་རྩ་འཛུགས་པུའུ། རྫོང་རིག་གནས་ཡུལ་སྐོར་རྒྱང་བསྒྲགས་བརྙན་འཕྲིན་ཅུས། དྲན་རྟེན་ཁང་། རྫོང་སློབ་འབྲིང་། དཀར་མཛེས་གྲོང་རྡལ། དཀར་མཛེས་དགོན་པ་སོགས་སྡེ་ཚན་ཁག་ཏུ་སོང་ནས་རྟོག་ཞིབ་གནང་། དཔྱད་གཞིའི་ཡིག་ཆར་ལྟ་བ་དང་སྙན་གསེང་ལ་གསན་པ། ཡུལ་དངོས་བརྟག་ཞིབ། བཞུགས་མོལ་ཚོགས་འདུ་སོགས་ཀྱི་རྣམ་པ་བརྒྱུད་དེ། རྒྱ་བོད་སྐད་གཉིས་ཀྱི་སྒྲོག་འགྲེལ་དང་བཅའ་ཁྲིམས་དགོན་སྡེར་སྐྱེལ་པ། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་དྲིལ་བསྒྲགས་སློབ་གསོ་དང་གསར་བརྗེའི་རིག་གནས་ཀྱི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱས་པའི་སོགས་ཀྱི་གནས་ཚུལ་ལ་ལྟ་རྟོག་བྱས།