སྤྱི་ཟླ་3པའི་ཚེས་13ཉིན། ཕོར་ཐུ་གལ་གྱི་རྒྱལ་ས་ལི་སི་པོན་དུ་ཕོར་ཐུ་གལ་གྱི་གྱོན་ཆས་ཇུས་འགོད་པ་ཏི་ནོ་ཨར་ཝེ་སི་ཡི་བརྩམས་ཆོས་འགྲེམ་སྟོན་བྱས།
སྤྱི་ཟླ་3པའི་ཚེས་13ཉིན་སྐབས་46པའི་ལི་སི་པོན་གྱོན་ཆས་འགྲེམ་སྟོན་མཛད་སྒོ་དེ་ཕོར་ཐུ་གལ་གྱི་རྒྱལ་ས་ལི་སི་པོན་དུ་མཇུག་སྒྲིལ། ད་ལོའི་ཉིན་གསུམ་རིང་གི་གྱོན་ཆས་འགྲེམ་སྟོན་མཛད་སྒོར་བསྡོམས་པས་ལེ་ཚན་22བཀོད་བསྒྲིགས་བྱས་ཤིང་ཕོར་ཐུ་གལ་གྱི་རྒྱལ་ཁབ་ཕྱི་ནང་ནས་ཕེབས་པའི་གྱོན་ཆས་ཇུས་འགོད་པ་35ཡིས་སོ་སོའི་2016ལོའི་སྟོན་ཁ་དང་དཔྱིད་ཀའི་གྱོན་ཆས་འཕེལ་ཕྱོགས་ཀྱི་ངོས་འཛིན་དང་གདེང་ཚོད་ལྟད་མོ་བའི་མིག་གི་དགའ་སྟོན་དུ་བསྟར།།