ལི་ཐང་རྫོང་གིས་ད་ལོར་མ་དངུལ་སྒོར་ཁྲི་2100བཏང་ནས་ཡུལ་ཤོག་21གི་ཐོན་ལས་འཕེལ་རྒྱས་ལ་རོགས་སྐྱོར་བྱ་རྒྱུ་རེད།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 03-15


  སྤྱི་ཟླ་3པའི་ཚེས་11ཉིན། གསར་འགོད་པས་ལི་ཐང་རྫོང་དབུལ་སྐྱོར་འགག་སྒྲོལ་བཀོད་འདོམས་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་རྫོང་དེས་མ་དངུལ་སྒོར་ཁྲི་2100བཏང་ནས་ཡུལ་ཤོག་21གི་ཐོན་ལས་གོང་འཕེལ་ལ་རོགས་སྐྱོར་བྱ་རྒྱུ་རེད། ལི་ཐང་རྫོང་གིས་ནན་ཏན་སྒོས་དུད་ཁྱིམ་རེར་ཐབས་ཇུས་རེ་དང་ལས་བྱེད་པ་རེ་ཞེས་པའི་ཆ་སྒྲིག་རོགས་སྐྱོར་གྱི་ལམ་སྲོལ་ལག་བསྟར་བྱས་ནས་མ་དངུལ་གྱི་རོགས་སྐྱོར་ཡག་པོ་བསྒྲུབ་པ་དང་། དབུལ་གྲོལ་འགག་སྒྲོལ་གྱི་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། དབུལ་ཕོངས་མི་འབོར་གྱི་དངུལ་རྩའི་ཞབས་ཞུ་གནད་ལ་འཁེལ་ཚད་ཇེ་མཐོར་བཏང་སྟེ། དབུལ་ཕོངས་དུད་ཚང་ལ་ཡིད་རྟོན་དངུལ་བུན་ཆུང་བའི་རིགས་གཏང་བ་དང་། ཐོན་ལས་གསར་སྤེལ་གྱི་དགོས་མཁོ་ཡོད་པའི་དབུལ་པོའི་དུད་ཚང་ལ་དུས་ཐོག་དུ་ནུས་ལྡན་གྱི་རྒྱབ་སྐྱོར་ཐོབ་པར་ཁག་ཐེག་བྱས་ནས། དོན་དངོས་སྟེང་དབུལ་པོའི་རྣམ་པ་འགྱུར་བ་དང་དབུལ་པོའི་ཐོན་ལས་བསྒྱུར་བ། དབུལ་པོའི་ཁང་པ་སྤོར་པ། དབུལ་པོའི་རྩ་བ་གཏོར་བ་མངོན་འགྱུར་བྱུང་སྟེ། དབུལ་པོའི་མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ཇེ་བཟང་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་བརྒྱུད་རིམ་ཁྲོད་རྗེས་སུ་མི་ལུས་པ་བྱས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1