ཚོགས་ཆེན་ཁྲེན་ཏུའུ་ནས་གཟབ་རྒྱས་ངང་འཚོགས་ཤིང་ཝང་ཏུང་མིང་གིས་གསུང་བཤད་གནང་།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26
སྐབས་དང་པོའི་ཁྲོན་ཚོང་ཕ་ཡུལ་དུ་ལོག་ནས་འཕེལ་རྒྱས་གཏང་བའི་ཚོགས་ཆེན་ཁྲེན་ཏུའུ་ནས་འཚོགས་ཤིང་ཝང་ཏུང་མིང་གིས་ཤིས་ཚིག་ཕུལ།
སྤྱི་ཟླ་2པའི་ཚེས་24ཉིན་གྱི་སྔ་དྲོར། སྐབས་དང་པོའི་ཁྲོན་ཚོང་ཕ་ཡུལ་དུ་ལོག་ནས་འཕེལ་རྒྱས་གཏང་བའི་ཚོགས་ཆེན་ཁྲེན་ཏུའུ་ནས་གཟབ་རྒྱས་ངང་འཚོགས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་ཚོགས་ཆེན་ལ་ཞུགས་པར་མ་ཟད་ཤིས་ཚིག་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་ཡིས་ཚོགས་ཆེན་ལ་གཙོ་སྐྱོང་གནང་བ་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙུན་ཕིན་ཚོགས་ཆེན་ལ་ཞུགས། རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་ཁྲོན་ཚོང་འཐུས་མི་400ལྷག་གདན་ཞུས་ལྟར་ཚོགས་ཆེན་ལ་ཞུགས།
ཚོགས་ཆེན་ཐོག་ཏུ་ད་དུང་ཁྲོན་ཚོང་ཕ་ཡུལ་དུ་ལོག་ནས་ལས་སྤེལ་དངུལ་འཇོག་འཐེབ་རྩ་བཙུགས་པའི་སྒོ་བྱང་འགེལ་བའི་མཛད་སྒོ་དང་ཁྲོན་ཚོང་ཕ་ཡུལ་དུ་ལོག་ནས་མ་འཇོག་མཉམ་ལས་རྣམ་གྲངས་ཀྱི་མིང་རྟགས་འགོད་པའི་མཛད་སྒོ་སྤེལ་པ་དང་། རྣམ་གྲངས་28ལ་གཅིག་བསྡུས་སྒོས་མིང་རྟགས་བཀོད། ཉིན་2རིང་གི་བྱེད་སྒོའི་ཁྲོད། རང་རེའི་ཞིང་ཆེན་གྱིས་བསྡོམས་པས་ཕ་ཡུལ་དུ་ལོག་ནས་དངུལ་འཇོག་མཉམ་ལས་རྣམ་གྲངས་278ལ་མིང་རྟགས་བཀོད་པ་དང་། དངུལ་འཇོག་བསྡོམས་འབོར་དངུལ་སྒོར་དུང་ཕྱུར་1582ལས་བརྒལ་ཡོད། གྲོང་ཁྱེར་དང་ཁུལ་18དུ་ཁྲོན་ཚོང་ཕ་ཡུལ་དུ་སྐྱོད་པ་ཞེས་པ་དང་། ཆེད་དོན་བཞུགས་མོལ་ཚོགས་འདུའམ་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་སོགས་ཀྱི་བྱེད་སྒོ་སྤེལ།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1