རྔ་བ་ཁུལ་དྲིལ་བསྒྲགས་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་གསར་འགྱུར་གླེང་ཕྱོགས་ལས་ཀའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་བྱས།
ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 02-26
སྤྱི་ཟླ་2པའི་ཚེས་23ཉིན། རྔ་བ་ཁུལ་དྲིལ་བསྒྲགས་ཁོངས་གཏོགས་ཀྱིས་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་ཏེ་གཏིང་ཟབ་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་ཀའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་པ་དང་། རྔ་བ་ཁུལ་གྱི་དྲིལ་བསྒྲགས་ཁོངས་གཏོགས་གྱིས་ལག་བསྟར་དོན་འཁྱོལ་བྱེད་དགོས་པའི་ཞིབ་ཕྲའི་ལས་འགན་བཀོད་སྒྲིག་གནང་། །