སྤྱི་ཟླ་2པའི་ཚེས་19ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཞིན་ཧྭ་གསར་འགྱུར་ཁང་དུ་ཕེབས་ཏེ་རྟོག་ཞིབ་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིན་ཧྭ་གསར་འགྱུར་ཁང་གི་སྒྲིག་ཆས་རྙིང་བ་དང་དེང་རབས་སྔོན་ཐོན་གྱི་འཁོར་སྐར་དང་མི་མེད་འཕྲུལ་ཆས་ལ་གཟིགས་ཞིབ་གནང་སྟེ་ཞིན་ཧྭ་གསར་འགྱུར་ཁང་གི་འཕེལ་རྒྱས་གོ་རིམ་ལ་རྒྱུས་ལོན་བྱས།།