རྒྱལ་ཕྱིའི་འཕྲིན་སྦྱོར་གྱིས་གནས་ཚུལ་བསྒྲགས་པ་ལྟར་ན་མཁའ་དབུགས་སྦགས་བཙོག་ཚབ་ཆེ་བའི་ས་གནས་ལ་མི་མང་པོས་ཁ་རས་རྒྱག་བཞིན་འདུག་ལ། ཧོ་ལན་རྒྱལ་ཁབ་ཀྱི་སློབ་ཆེན་སློབ་མ་5ཡིས་ཁ་རས་ཀྱི་ཚབ་བྱས་ཆོག་པའི་རྩི་ཤིང་གི་རྒྱབ་ཁུག་གསར་གཏོད་བྱས། འདིས་མཁའ་དབུགས་ཁྲོད་ཀྱི་སྦགས་བཙོག་རིལ་བུ་དྭངས་འཚག་བྱས་ནས་བེད་སྤྱོད་མཁན་ལ་དྭངས་གཙང་གི་མཁའ་དབུགས་འཇིབ་ཏུ་འཇུག་ཐུབ།
རྒྱུས་ལོན་བྱས་པ་ལྟར་ན་མིག་སྔར་རྒྱབ་ཁུག་དེ་བཟོ་བཀོད་བྱས་ཚར་ཞིང་མ་དཔེ་བཟོ་སྐྲུན་གྱི་དུས་རིམ་དུ་སླེབས་ཡོད། གསར་གཏོད་པས་བསྟན་པ་ལྟར་ན། སྦགས་བཙོག་ཚབས་ཆེ་བའི་གྲོང་ཁྱེར་དེ་དམིགས་འབེན་གྱི་ཁྲོམ་ར་གཙོ་བོ་ཡིན།
ཧོ་ལན་གྱི་ཏེར་ཧྥུ་ཐའེ་བཟོ་ཚན་རིག་པའི་སློབ་ཆེན་གྱི་སློབ་མ་ཏི་ཁོ་ལུང་སོགས་ཀྱིས་ཇུས་འགོད་བྱས་པའི་རྒྱབ་ཁུག་དེར་དྭངས་འཚག་སྒྲིག་ཆས་དང་ཕྱི་རོལ་གྱི་མཁའ་དབུགས་ནང་འདྲེན་བྱེད་པ་དང་རྒྱབ་ཁུག་ནང་ངོས་ཀྱི་རྩི་ཤིང་རྩ་བ་བརྒྱུད་ནས་དྭངས་འཚག་བྱས་ཏེ་མཁའ་དབུགས་གསར་པ་མཁོ་འདོན་བྱ་ཐུབཔ་རེད།
གསར་གཏོད་གསར་པ་དེར་ཧོ་ལན་དྲོད་ཁང་སྒྱུ་རྩལ་གསར་གཏོད་ཐེབས་རྩ་ཚོགས་པ་(SIGN)ཡི་ཇུས་འགོད་འགྲན་སྡུར་གྱི་བྱ་དགའ་བླངས་ཤིང་། ཁོ་ཚོས་རྩི་ཤིང་རིགས་གང་གི་ཕན་ནུས་ཆེ་བ་ཚོད་ལྟ་བྱེད་བཞིན་ཡོད་ཅིང་གནས་སྐབས་སུ་འདམ་རྩྭ་གདམ་གསེས་དང་པོ་ཡིན་པ་བསྟན།།