སི་ཁྲོན་གྱིས་མི་རིགས་རྫོང་དང་དབུལ་པོའི་རྫོང་101ལ་མ་བུ་བདེ་ཐང་གི་གནད་སྨིན་དབུལ་སྐྱོར་ཕྱོགས་ཡོངས་སུ་ལག་བསྟར་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-15


      ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དབུལ་སྐྱོར་འགག་སྒྲོལ་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་ཆེད། ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་གསོ་ཨུ་ལྷན་གྱིས་《སི་ཁྲོན་ཞིང་ཆེན་གྱི་བུད་མེད་དང་བྱིས་པའི་བདེ་ཐང་ཞབས་ཞུའི་ཁ་གཏད་རོགས་སྐྱོར་གྱི་ལས་ཀའི་ཇུས་གཞི(2016ལོ་ནས་2020ལོ།)》 (གཤམ་དུ་བསྡུས་མིང་ལ་《ཇུས་གཞི།》ཞེས་བརྗོད།)པར་འགྲེམ་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་བུད་མེད་དང་བྱིས་པའི་བདེ་ཐང་ཞབས་ཞུའི་སྤུས་ལེགས་ཐོན་ཁུངས་གྱི་ཁྱབ་བརྡལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད།།
      ཁ་སང་། གསར་འགོད་པས་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་གསོ་ཨུ་ལྷན་ནས་རྒྱུས་ལོན་བྱས་པ་ལྟར་ན། རང་རེའི་ཞིང་ཆེན་གྱིས་རིགས་དབྱེ་མཛུབ་སྟོན་དང་གནད་སྨིན་དབུལ་སྐྱོར་གྱི་བྱ་ཐབས་སྤྱད་དེ་ཁ་གཏད་རོགས་སྐྱོར་སྤེལ། མི་རིགས་རྫོང་དང་དབུལ་བོའི་རྫོང་101ལ་ཁྱོན་ཡོངས་ནས་ཁྱབ་པ་མངོན་འགྱུར་བྱུང་ཞིང་། རྒྱུན་མཐུད་ངང་དབུལ་བོའི་ས་ཁུལ་དང་མི་རིགས་ས་ཁུལ་གྱི་བུད་མེད་དང་ཕྲུ་གུའི་བདེ་ཐང་གི་ཞབས་ཞུ་ནུས་པ་མཐོ་འདེགས་སུ་གཏོང་བར་སྐུལ་འདེད་བཏང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1