དཔལ་ཡུལ་རྫོང་གིས་མཛུབ་སྟོན་བཞི་རྒྱུན་འཁྱོངས་བྱས་ཏེ་ཐོན་ལས་སྣ་མང་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 12-11
གཅིག་ནི་ཚོང་རར་ཞབས་ཞུ་བྱེད་པ་དམིགས་སུ་འཛིན་པ། གཉིས་ནི་ཞིང་སྡེ་གསར་བའི་འཛུགས་སྐྲུན་དམ་འཛིན་བྱེད་པ། གསུམ་ནི་རྫོང་གི་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་དང་། ཡུལ་སྐོར་ཐོན་རྫས་སོགས་ཁྱད་ཆོས་ལྡན་པའི་ཐོན་རྫས་ཐོན་ཁུངས་གསར་སྤེལ་ཇེ་མགྱོགས་སུ་གཏང་དགོས། བཞི་ནི་ཚད་གཞི་ཇེ་དམའ་རུ་བཏང་ནས་ལས་བྲལ་ལས་བཟོ་པ་དང་དབང་པོ་སྐྱོན་ཅན་སོགས་ལས་ཀར་བསྐྱར་ཞུགས་པར་སྐུལ་འདེད་གཏང་བ་དང་། ཚོང་རའི་ཚོགས་པསྣ་ཚོགས་སྐྱེད་སྲིང་བྱ་དགོས། ལྔ་ནི་ཁེ་ལས་ཀྱི་དན་ཚིག་སྲུང་བའི་མ་ལག་འཛུགས་སྐྲུན་བྱེད་རྒྱུ་དམིགས་སུ་བཟུང་སྟེ། གན་རྒྱ་དང་ཡིད་ཆེས་ལ་བརྩི་འཇོག་བྱས་ཏེ་ཁེ་ལས་གསོ་སྐྱོང་དང་ལས་ཀ་འཕེལ་རྒྱས་སུ་གཏང་དགོས།
མིག་སྔའི་བར། རྫོང་ཡོངས་ཀྱི་ཁྲིམས་ལྟར་ཐོ་འགོད་བྱས་པའི་མ་འཇོག་ཁེ་ལས་དུད་ཚང་85ཟིན་པ་དང་། ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་3.7ཟིན་ཡོད།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1