བྱེད་སྒོའི་ཡུལ་དངོས།
སྤྱི་ཟླ་11པའི་ཚེས་28ཉིན། སྡེ་རོང་རྫོང་གི་སྐབས་དང་པོའི་མང་ཚོགས་རིག་གནས་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པའི་མཛད་སྒོ་དེ་སྡེ་རོང་རྫོང་སློབ་འབྲིང་ནས་གཟབ་རྒྱས་ངང་སྤེལ། མཛད་སྒོ་ལ་རྫོང་མི་དམངས་འཐུས་མི་ཚོགས་པའི་ཀྲུའུ་རེན་ཨ་ལེང་གིས་གཙོ་སྐྱོང་གནང་།
བྱེད་སྒོའི་ཡུལ་དངོས།
མཛད་སྒོ་མཇུག་རྫོགས་རྗེས། མང་ཚོགས་ཀྱི་རིག་རྩལ་འཁྲབ་སྟོན་གྱི་འགོ་བརྩམས། རྫོང་ཡོངས་ཀྱི་ཡུལ་ཤོག་དང་གྲོང་རྡལ་12དང་རྫོང་སློབ་འབྲིང་། རྫོང་སློབ་ཆུང་སོགས་ཀྱིས་རྣམ་པ་མང་ཞིང་ནང་དོན་ཕུན་སུམ་ཚོགས་པའི་དམངས་གླུ་དང་ཞབས་བྲོ། གར་ཆུང་སོགས་རྒྱ་ཆེའི་ལྟད་མོ་བའི་མིག་གི་དགའ་སྟོན་དུ་བསྟར།
འཁྲབ་སྟོན་བྱེད་བཞིན་པ།
ཐེངས་འདིའི་སྒྱུ་རྩལ་དུས་ཆེན་གྱིས་མཐུན་སྒྲིལ་དང་། དྲིན་དྲན་པ། འབད་བརྩོན་མདུན་སྐྱོད་བཅས་བྱེད་སྒོའི་བརྗོད་བྱ་གཙོ་བོར་བྱས་ཤིང་། སྡེ་རོང་རྫོང་གི་གནོད་རྗེས་བསྐྱར་སྐྲུན་གྱི་རྣམ་པ་གསར་པ་དང་འགྱུར་ལྡོག་གསར་པ། ལུགས་སྲོལ་གསར་པ་བཅས་གང་ལེགས་སྒོས་མངོན་པར་བྱས་ཡོད། ས་གནས་དེ་གའི་སྐྱེས་ཁམས་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཁྱབ་གདལ་དུ་བཏང་སྟེ་གོམ་གང་མདུན་སྤོས་སྒོས་ཀྲུང་གོའི་ནུབ་རྒྱུད་ཀྱི་ཉི་མ་ལུང་པ་ཞེས་པའི་རིག་གནས་ཡུལ་སྐོར་སྤུས་རྟགས་བསྐྲུན་ཏེ་སྔར་ལས་མང་པོའི་མིས་སྡེ་རོང་ལ་རྒྱུས་ལོན་དང་ཤེས་རྟོགས་ཡོད་པར་བྱས།།