ལི་ཁེ་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ཁུལ་རིམ་སྤར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་མིང་རྟགས་འགོད་པའི་མཛད་སྒོར་ཞུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-24


           རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆིང་ས་གནས་དེ་གའི་དུས་ཚོད་ཚེས་22ཉིན་གྱི་ཕྱི་དྲོར་ཁལ་ལུང་ཕུའི་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་10ཡི་འགོ་ཁྲིད་པ་དང་ལྷན་དུ་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ཁུལ་རིམ་སྤར་གྲོས་མོལ་ཁྱོན་ཡོངས་ནས་མཇུག་སྒྲིལ་བར་མཚོན་པའི་གྲུབ་འབྲས་ཡིག་ཆ་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ་ཀྱི་མནའ་འབྲེལ་ལས་〈ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཁྱོན་ཡོངས་དཔལ་འབྱོར་མཉམ་ལས་སྒྲོམ་གཞིའི་གྲོས་ཡིག〉དག་བཅོས་དང་རྣམ་གྲངས་འོག་གི་གྲོས་ཡིག་ཆ་ཤས་ཀྱི་གྲོས་ཆོད་ཡི་གེ།》སྐོར་གྱི་མིང་རྟགས་འགོད་པའི་མཛད་སྒོའི་བདེན་དཔང་བྱས། ཚོང་དོན་པུའུ་ཡི་པུའུ་ཀྲང་ཀའོ་ཧུ་ཁྲེན་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་10ཡི་དཔལ་འབྱོར་ཉོ་ཚོང་པུའུ་ཀྲང་གིས་སྲིད་གཞུང་གི་འཐུས་ཚབ་བྱས་ཏེ་《གྲོས་ཆོད་ཡི་གེ་》རུ་མིང་རྟགས་བཀོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1