ལྕགས་ཟམ་རྫོང་གིས་གྲོང་སྡེ་དབུལ་པོའི་ཐོན་ལས་གནད་སྨིན་དབུལ་སྐྱོར་གྱི་གསོ་སྦྱོང་སྤེལ།
ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-24
སྤྱི་ཟླ་11པའི་ཚེས་18ཉིན་ནས་ཚེས་21བར་དུ། དཀར་མཛེས་ཁུལ་ལྕགས་ཟམ་རྫོང་གིས་གྲོང་སྡེ་དབུལ་པོའི་ཐོན་ལས་གནད་སྨིན་དབུལ་སྐྱོར་གྱི་གསོ་སྦྱོང་སྤེལ། ཞིང་ཕྱུགས་ལས་སོགས་ཐད་ཀྱི་ཆེད་རམས་པ་རྩ་འཛུགས་བྱས་ཏེ་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན། ཕག་གསོ་ཚུལ། རྩྭ་ཐང་གི་སྲིད་ཇུས་དང་རྩྭ་འདེབས་ཕྱུགས་གསོ། སྔོ་ཚལ་འདེབས་འཛུགས། ལུག་གྲོད་སྲིན་འདེབས་འཛུགས་སོགས་ཀྱི་ལག་རྩལ་ཤེས་བྱ་གསོ་སྦྱོང་ནང་ཞུགས་མཁན་ཚོ་ལ་གོ་བདེ་བར་འགྲེལ་བཤད་བྱས་ཤིང་ཡུལ་ཚོ་དབུལ་པོའི་ལག་རྩལ་པ་དང་འགན་ཁུར་བ་གཙོ་བོ་དག་གི་ཚན་རིག་གིས་འདེབས་འཛུགས་དང་གསོ་འཕེལ་གྱི་རྩལ་ནུས་མཐོར་འདེགས་སུ་གཏང་བ་དང་རང་བརྟེན་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏང་བར་རོགས་རམ་བྱས་ཤིང་། གྲོང་སྡེ་དབུལ་པོའི་མང་ཚོགས་ཚན་རྩལ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་ཁྲིད་སྟོན་བྱས། རྫོང་དེའི་དབུལ་པོའི་གྲོད་སྡེའི་འབྲེལ་གཏུག་ལག་རྩལ་མི་སྣ་དང་གྲོང་སྡེ་དབུལ་པོའི་འགན་ཁུར་པ་གཙོ་བོ་མི་སྣ་88གསོ་སྦྱོང་ནང་དུ་ཞུགས།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1