ལི་ཁེ་ཆང་གིས་རང་རྒྱལ་གྱི་སྤྱི་དམངས་འཇིགས་སྐུལ་རྩ་འཛུགས་ཀྱིས་བསད་པའི་དོན་རྐྱེན་ཐད་ནས་གཏམ་བཤད་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-20


  སྤྱི་ཟླ་11པའི་ཚེས་19ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རང་རྒྱལ་གྱི་སྤྱི་དམངས་འཇིགས་སྐུལ་རྩ་འཛུགས་ཀྱིས་བསད་པའི་དོན་རྐྱེན་ཐད་ནས་གཏམ་བཤད་སྤེལ།

  ལི་ཁེ་ཆང་གིས་ཀྲུང་གོ་སྲིད་གཞུང་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཀྲུང་གོའི་རྒྱལ་དམངས་བསད་པའི་དྲག་ཤུགས་ཀྱི་བྱ་སྤྱོད་ལ་ངོ་རྒོལ་བྱེད་བཞིན་ཡོད། ངས་རྐྱེན་ལམ་དུ་ཤོར་བའི་འདས་པོའི་ཁྱིམ་མིར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་ཡིན། འབྲེལ་ཡོད་སྡེ་ཁག་གིས་འདས་པོའི་ཁྱིམ་མིར་རོགས་འདེགས་བྱས་ཏེ་འབྲེལ་ཡོད་བྱ་བ་ལེགས་པོ་བསྒྲུབ་དགོས་ཞེས་བསྟན།

  ལི་ཁེ་ཆང་གིས་ཀྲུང་གོ་སྲིད་གཞུང་གིས་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་བདེ་འཇགས་ལ་མཐོང་ཆེན་ཆེན་པོ་བྱེད་བཞིན་ཡོད། མུ་མཐུད་དུ་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་སྡེ་ཁག་དག་གི་སྲུང་སྐྱོབ་ལ་ཤུགས་སྣོན་བྱ་ངེས་ཞེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1