སི་ཁྲོན་གྱིས་པཱ་ཧྲུའུ་རིག་གནས་མཁས་ཅན་50འཚོལ་བསྡུ་གསོ་སྐྱོང་བྱ་རྒྱུ་ཡིན་ཞིང་ཆེས་མཐོའི་རོགས་དངུལ་ཁྲི་200སྤྲད་རྒྱུ་རེད།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-19
སྤྱི་ཟླ་11པའི་ཚེས་17ཉིན། གསར་འགོད་པས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱུང་གསལ། སི་ཁྲོན་གྱིས་《པཱ་ཧྲུའུ་རིག་གནས་མཁས་ཅན་གྱི་གསོ་སྐྱོང་ལས་གཞི་ལག་ལེན་བསྟར་བྱ་རྒྱུའི་སྐོར་གྱི་བསམ་འཆར།》འདོན་སྤེལ་བྱས་ཤིང་། 2015ལོ་ནས་བཟུང་། ལོ་གཉིས་རེའི་ནང་རིག་གནས་སྣེ་ཁྲིད་ཀྱི་ཤེས་ལྡན་མི་སྣ་སྐོར་ཞིག་བདམས་པ་དང་། 2020ལོར་སླེབས་སྐབས་རྒྱལ་ཡོངས་ན་སྐད་གྲགས་ཆེ་ཞིང་ཤུགས་རྐྱེན་ཆེ་བའི་སི་ཁྲོན་པཱ་ཧྲུའུ་རིག་གནས་མཁས་ཅན་མི་50ཡས་མས་གསོ་སྐྱོང་དང་སྐྱེད་སྲིང་བྱ་རྒྱུ་རེད།
པཱ་ཧྲུའུ་རིག་གནས་མཁས་ཅན་གྱི་མི་སྣའི་གྲས་སུ་བདམས་པ་ནས་བཟུང་། གསར་གཏོད་ཞིབ་འཇུག་གི་དགོས་མཁོ་ལྟར་རྣམ་གྲངས་ཀྱི་རོགས་དངུལ་སྒོ་ཁྲི་5ནས་20བར་སྤྲད་རྒྱུ་ཡིན་ཞིང་། དེ་ནི་གཙོ་བོ་གསར་རྩོམ་ཞིབ་འཇུག་དང་ཆེད་རྩོམ་དཔེ་སྐྲུན། བརྩམས་ཆོས་འགྲེམ་སྟོན། རིག་གནས་སྤེལ་རེས་སོགས་རང་འགུལ་བདམས་བཀོད་རྣམ་གྲངས་ལ་སྤྱོད་རྒྱུ་རེད།
ལོ་རེར་པཱ་ཧྲུའུ་རིག་གནས་དར་རྒྱས་དང་རྒྱུད་འཛིན་ལ་འབུར་དུ་ཐོན་པའི་བྱས་རྗེས་ཆེན་པོ་བཞག་ཅིང་ཞིང་ཆེན་ཕྱི་ནང་དུ་མིང་དུ་གྲགས་པའི་མཁས་པ་མི་2ནས་3བདམས་ནས་པཱ་ཧྲུའུ་རིག་གནས་མཁས་ཅན་གྱི་ལས་སྒྲུབ་ཁང་འཛུགས་རྒྱུ་ཡིན་ཞིང་སྒོར་ཁྲི་50ནས་200བར་གྱི་དམིགས་བསལ་རོགས་དངུལ་སྤྲད་རྒྱུ་རེད། གཞན་ཡང་། པཱ་ཧྲུའུ་རིག་གནས་མཁས་ཅན་གསོ་སྐྱོང་ལས་གཞིའི་ནང་ཏུ་བདམས་པའི་ལག་ཁྱེར་ལ་བརྟེན་ནས་ཞིང་ཆེན་གྱི་འབུར་ཐོན་བྱས་རྗེས་བཞག་པའི་ཕུལ་བྱུང་ཆེད་མཁས་པའི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཆོག
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1