2010ལོ་ནས་བཟུང་སི་ཁྲོན་གྱི་ལོ་ལྔའི་གནད་སྨིན་འགག་སྒྲོལ་གྱིས་མི་ཁྲི་1000 ཙམ་དབུལ་པོ་ལས་གྲོལ་རོགས་བྱས་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-18


    བྱེད་ཤུགས་རྒྱུན་མཐུད་ངང་ནས་ཁ་སྣོན་བྱས་པ་དང་། ནོར་སྲིད་ཀྱི་གཏོང་ཆ་ལོ་རེར་ཆ་སྙོམས་ཀྱིས་བཅུ་ཆའི་2ལྷག་འཕར་པས་ལོ་རེར་མི་ཁྲི་200དབུལ་སྒྲོལ་བྱས། དམིགས་འཛིན་བྱ་ཡུལ་གནད་ལ་འཁེལ་བ་དང་། 3+10ཡི་སྲིད་ཇུས་ཀྱི་མཉམ་སྡེབ་བྱ་ཐབས་སྤྱད་དེ་གྲོང་ཚོ་དང་ཁྱིམ་དུད་དུ་འབྱོར་བ་རེད། ཞིང་ཆེན་དབུལ་སྐྱོར་དང་ཡུལ་མི་གནས་སྤོས་ཅུས་ཀྱི་འགན་ཁུར་བས་བསྟན་དོན། ཕྱོགས་གཅིག་ནས་གནད་ལ་འཁེལ་བའི་དབུལ་སྐྱོར་དང་ས་ཁོངས་འགག་སྒྲོལ་གྱི་འཁོར་ལོ་གཉིས་སྒུལ་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། ཕྱོགས་གཅིག་ནས་སྲོལ་རྒྱུན་རྣམ་པའི་དབུལ་སྐྱོར་བྱེད་སྟངས་བསྒྱུར་བ་དང་དབུལ་སྒྲོལ་ཡུལ་ཚོ་དུ་སླེབས་པ། དབུལ་སྐྱོར་དུད་ཚང་དུ་སླེབས་པ། དུད་ཚང་གཅིག་ལ་རྩིས་ཐོ་གཅིག  དུད་ཚང་གཅིག་ལ་འཆར་འགོད་གཅིག་བཅས་བྱས་ནས་དབུལ་པོའི་ཞྭ་མོ་རྩ་བ་ནས་འཕུད་དགོས། 
    2020ལོར་སླེབས་སྐབས། ཁྱོན་ཡོངས་ནས་དབུལ་པོ་དབུལ་རྐྱང་མེད་པ་བཟོ་ཐུབ་པ་བྱ་རྒྱུ་དང་། དབུལ་ཕོངས་རྫོང་དང་གྲོང་སྡེའི་དབུལ་ཕོངས་མི་འབོར་གྱི་དབུལ་པོའི་ཞྭ་མོ་ཚང་མ་ཕུད་པ་དང་། འབྱོར་འབྲིང་ཕྱོགས་སུ་མཉམ་དུ་སྐྱོད་པའི་དམིགས་ཚད་བརྟན་པོར་བཟུང་ནས་སི་ཁྲོན་གྱིས་བློ་ཐག་རྦད་བཅད་ཀྱིས་དབུལ་ཕོངས་ལས་གྲོལ་བའི་འཐབ་འཁྲུག་སྤེལ་འགོ་ཚུགས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1