སི་ཁྲོན་ཞིང་ཆེན་ཐོན་ལས་གླིང་ཁུལ་དང་གྲོང་སྡེའི་གཞི་རིམ་ཏང་འཛུགས་ལས་ཀའི་ཚོགས་འདུ་འཚོགས་ཤིང་ཝང་ཏུང་མིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-18


   ཉེ་ཆར། ཞིང་ཆེན་ཡོངས་ཀྱི་ཐོན་ལས་གླིང་ཁུལ་དང་གྲོང་སྡེའི་གཞི་རིམ་ཏང་འཛུགས་ལས་ཀའི་ཚོགས་འདུ་དེ་ཁྲེན་ཏུའུ་རུ་འཚོགས། ཚོགས་འདུའི་ཐོག་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཏང་ནན་མོར་སྐྱོང་བའི་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱལ་ཡོངས་གྲོང་སྡེའི་གཞི་རིམ་ཏང་འཛུགས་ལས་ཀའི་བཞུགས་མོལ་ཚོགས་འདུ་དང་རྒྱལ་ཡོངས་སྤྱི་ཚོགས་ཀྱི་ཏང་འཛུགས་རྩ་འཛུགས་ལས་ཀའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱེད་ཅིང་། ཐོན་ལས་གླིང་ཁུལ་དང་གྲོང་སྡེའི་གཞི་རིམ་ཏང་འཛུགས་ལ་ཆེད་དོན་བཀོད་སྒྲིག་བྱས་ནས་ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཏང་འཛུགས་ཀྱི་སྤྱིའི་ལས་ཀའི་ཐད་གཅིག་གྱུར་གྱིས་འཆར་འགོད་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དབྱིན་ལེས་ཚོགས་འདུར་གཙོ་སྐྱོང་གནང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1