ཝན་ཁྲོན་རྟེན་རྫས་བཤམས་མཛོད་ཁང་ལ་ཁག་དང་པོའི་ཁུལ་རིམ་པའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གནས་གཞི་དང་ཁྱབ་གདལ་གནས་གཞི་ཞེས་མིང་བཏགས།
ཚེ་བརྟན་སྒྲོལ་མ། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མས་བསྒྱུར། ཡོང་ཁུངས།སི་ཁྲོན་མི་དམངས་གསར་འགྱུར་དྲ་བ། སྤེལ་དུས། 11-14
སྤྱི་ཟླ་11པའི་ཚེས་10ཉིན། རྔ་བ་ཁུལ་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཆེད་རམས་པའི་ཚན་ཆུང་གིས་ཞིབ་དཔྱོད་ནན་པོ་བྱས་པར་བརྒྱུད། ཝན་ཁྲོན་རྟེན་རྫས་བཤམས་མཛོད་ཁང་ལ་རྔ་བ་ཁུལ་གྱི་ཁག་དང་པོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གནས་གཞི་དང་རྔ་བ་ཁུལ་གྱི་ཁག་དང་པོའི་སྤྱི་ཚོགས་ཚན་རིག་ཁྱབ་གདལ་གནས་གཞི་ཞེས་མིང་བཏགས། དེ་ལས་གཞན་དབྱིན་ཞིའུ་ས་འགུལ་ལྟེ་གནས་དྲན་གསོ་ཁང་ལ་འགུལ་འགོག་གེགས་སེལ་སྤྱི་ཚོགས་ཚན་རིག་ཁྱབ་གདལ་གནས་གཞི་ཞེས་མིང་བཏགས། ཞོན་ཁུའུ་སློབ་འབྲིང་གི་རྗེས་ཤུལ་ལ་སྤྱི་ཚོགས་ཚན་རིག་ཁྱབ་གདལ་གནས་གཞི་ཞེས་མིང་བཏགས།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིར་རྔ་བ་ཁུལ་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་གྱིས་ཁག་དང་པོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གནས་གཞི་དང་ཁྱབ་གདལ་གནས་གཞིའི་མིང་བཏགས་པ་ནི་ཧུར་ཐག་སྒོས་རྔ་བ་ཁུལ་གྱི་སྤྱི་ཚོགས་ཚན་རིག་གསར་གཏོད་མ་ལག་འཛུགས་པ་དང་། སྤྱི་ཚོགས་ཚན་རིག་གི་བྱ་གཞག་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏང་བ། ཞིབ་འཇུག་གི་ཆུ་ཚད་མཐོ་བའི་སྤྱི་ཚོགས་ཚན་རིག་གི་ཞིབ་འཇུག་མི་སྣ་དང་ཚན་རྩལ་ཁྱབ་སྤེལ་གྱི་ལས་ཀ་བ་གསོ་སྐྱོང་བྱས་ནས། སྤྱི་ཚོགས་ཚན་རིག་གི་རིག་གནས་སྒྲོག་སྤེལ་གྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ་ཧུར་ཐག་གིས་རྔ་བ་ཁུལ་གྱི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་དང་ཁྱབ་གདལ་གྱི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་པའི་ཆེད་དུ་ཡིན།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1