པིན་ལིན་དགོན་པའི་བྲག་ཕུག་ཏུ་བཞུགས་པའི་བྱམས་སྐུ་ཆེན་མོ།
རིག་དངོས་ལས་གཉེར་བ་ཚོས་བྱམས་པ་འབུམ་གླིང(炳灵寺)བྲག་ཕུག་གི་མཆོད་གཤོམ་171པའི་ཐང་རྒྱལ་རབས་སྐབས་ཀྱི་བྱམས་སྐུ་ཆེན་པོ་ལ་སྲུང་སྐྱོབ་རང་བཞིན་གྱི་ཞིག་གསོ་བྱེད་པའི་བརྒྱུད་རིམ་ཁྲོད། ལྷ་སྐུའི་གཙུག་ཏོར་གྱི་སྟེང་དུ་མིང་རྒྱལ་རབས་སམ་ཕག་གྲུ་སྲིད་དབང་སྐབས་ཀྱི་ནང་ཆོས་བསྟན་བཅོས་ཤིག་རྙེད་པ་དང་།ལྷ་སྐུའི་དཔྲལ་བའི་ངོས་སུ་དབྱིབས་འཇོང་འཇོང་ཅན་གྱི་ཆུ་ཤེལ་ཞིག་རྙེད་པ་རེད།
བྱམས་པ་འབུམ་གླིང་གི་བྱམས་སྐུ་ཆེན་པོ་ནི་ཀན་སུའུ་ཡོང་ཅིན་རྫོང་ཁོངས་ཀྱི་བྱམས་པ་འབུམ་གླིང་དུ་མངའ་བའི་བྲག་ཕུག་གི་མཆོད་གཤོམ་171ནང་དུ་བཞུགས་འདུག་ཅིང་། ཐང་རྒྱལ་རབས་སྐབས་སུ་བཞེངས་ནས་མིང་རྒྱལ་རབས་སྐབས་སུ་བསྐྱར་གསོ་བྱས།ཐེངས་འདིར་རྙེད་པའི་ཆོས་དཔེ་དེ་ལྷ་སྐུའི་དབུའི་གཙུག་ཏོར་གྱི་སྟེང་དུ་འཇིམ་བཟོའི་ སྒྲོམ་ཆུང་ཞིག་གི་ནང་དུ་བཅུག་ནས་རས་སེར་པོས་བཏུམ་འདུག་པས་ད་ལྟ་ད་དུང་ཕྱིར་ ལེན་མི་ཐུབ་ལ། ཆོས་དཔེའི་ནང་དོན་ཡང་མིག་སྔར་རྟོགས་མ་ཐུབ། ཆོས་དཔེ་འདིར་ མེའི་གནོད་པ་ཐེབས་མྱོང་ཞིང་། རིག་དངོས་རྟོག་དཔྱད་ཆེད་མཁས་ཀྱིས་ལྷ་སྐུའི་གཙུག་ ཏོར་སྟེང་མེ་ཤོར་ཤུལ་དུ་མངོན་པའི་བོད་ཡིག་ཐོར་བུ་འགའ་དང་གཙུག་ཏོར་གྱི་དབྱིབས་སོགས་ལས་ཆོས་དཔེ་འདི་ཕག་གྲུ་སྲིད་དབང་སྐབས་ཡིན་པ་གསལ་འབྱེད་བྱས། དེའི་ མཚུངས་སུ་ལྷ་སྐུའི་དཔྲལ་བའི་ངོས་ཀྱི་ཆུ་ཤེལ་གྱི་ཞེང་ལ་ལི་སྨི་7.22དང་། སྲིད་ལ་ལི་ སྨི་8.8སྲ་ཚད་57བཅས་ཡིན་པ་དང་། དེ་ནི་པིན་ལིན་དགོན་པའི་ལྷ་སྐུའི་ཁྲོད་ཆེས་ཆེ་བའི་ཆུ་ཤེལ་ཡིན་པ་རེད།