སྤྱི་ཚེས་30ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེན་ཧྲེང་གིས་པེ་ཅིང་དུ་ཝེད་ནམ་རྒྱལ་ཁབ་དཔུང་ཁག་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཕའེ་ཧྲི་ཆིང་ལ་མཇལ་འཕྲད་གནང་།
ཡུས་ཀྲེན་ཧྲེང་གིས་གསུང་དོན། ཀྲུང་ཝེད་ཀྱི་སྲོལ་རྒྱུན་མཛའ་མཐུན་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་གི་གཅེས་ནོར་ཡིན་ཏེ། གཅེས་སྤྲས་བྱེད་རིན་ཡོད། ད་ལོ་ནས་བཟུང་། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཐེངས་མང་པོར་མཇལ་འཕྲད་གནང་ནས། ཀྲུང་ཝེད་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཟབ་སྤེལ་གཏོང་བར་མོས་མཐུན་བྱུང་བ་དང་། ཕྱོགས་གཉིས་ཀས་འབྲེལ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་པོར་བཏོན། ཀྲུང་གོ་ཕྱོགས་ཀྱིས་ཝེད་ནམ་གྱི་འབྲེལ་བར་མཐོང་ཆེན་བྱེད་བཞིན་ཡོད་པས། ཝེད་ནམ་དང་འཐབ་ཇུས་འབྲེལ་མཐུད་ཤུགས་སྣོན་བྱས་ཏེ། ཁྱབ་ཁོངས་སོ་སོའི་བར་གྱི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་བཏང་། ཡུས་ཀྲེན་ཧྲེང་གིས་ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་དང་ཝེད་ནམ་རྒྱལ་ཁབ་དཔུང་ཁག་ནི་གུང་ཁྲན་ཏང་གིས་དབུ་ཁྲིད་བྱེད་ཡོད་པའི་འཐབ་ཕྱོགས་གཅིག་གྱུར་རང་བཞིན་གྱི་རྩ་འཛུགས་ཡིན། ང་ཚོའི་རེ་བར་ཕྱོགས་གཉིས་ཀྱིས་འགྲོ་འོང་ལ་ཤུགས་སྣོན་དང་། སྲིད་གཞུང་ལ་ཞུགས་པ་དང་སྲིད་དོན་གྲོས་གླེང་བྱེད་པའི་ཉམས་མྱོང་བརྗེ་རེས་ཟབ་ཏུ་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་དང་དམངས་ཁྲོད་བརྗེ་རེས་ལ་ཤུགས་སྣོན་བྱེད་པར་ཐབས་འདོན་ཇུས་འདོན་བྱ་དགོས་ཞེས་བསྟན།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་དྲུང་ཡིག་ཆེན་མོ་ཀྲུང་ཆིང་ལི་གྲོས་ཚོགས་སུ་ཞུགས། །