སྤྱི་ཟླ་10པའི་ཚེས་17ཉིན་གྱི་རྒྱལ་ཡོངས་ཐེངས་གཉིས་པའི་དབུལ་སྐྱོར་ཉིན་མོར། དཀར་མཛེས་ཁུལ་ལྕགས་ཟམ་རྫོང་གིས་རྫོང་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་ལས་ཁུངས་དང་། ཞིང་ཆེན་དང་ཁུལ། རྫོང་ཁོངས་གཏོགས་ཀྱི་ཆབ་སྲིད་ཁེ་ལས་བྱ་གཞག་ལས་ཁུངས་ཀྱི་ལས་བྱེད་མི་སྣ། ལྕགས་ཟམ་རྫོང་གི་དངུལ་འཇོག་ཁེ་ལས་ལས་ཁུངས་ཀྱི་ལས་སྒྲུབ་པ། སྤྱི་ཚོགས་ལས་རིགས་ཁག་གི་གཞན་ཕན་བྱམས་སེམས་ལྡན་པའི་མི་སྣ་དང་། གཞན་དུ་རྒྱ་ཆེའི་མང་ཚོགས་ཀྱིས་ལྕགས་ཟམ་ཐང་ཆེན་དུ་ལྕགས་ཟམ་རྫོང་2015ལོའི་དབུལ་སྐྱོར་ཉིན་མོའི་ཞལ་འདེབས་ཕུལ་བའི་བྱེད་སྒོ་སྤེལ།།