སྤྱི་ཟླ་10པའི་ཚེས་13ཉིན། རྒྱལ་ཡོངས་ཐེངས་གཉིས་པའི་དབུལ་སྐྱོར་ཉིན་མོར་སླེབས་པ་ན། 2015ལོའི་དབུལ་སྐྱོར་ཉིན་མོའི་སི་ཁྲོན་གྱི་མུ་འབྲེལ་བྱེད་སྒོ་དང་སྤྱི་ཚོགས་དབུལ་སྐྱོར་ལས་ཀའི་སྐུལ་འདེད་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས་ནས། སྐབས་དང་པོའི་སི་ཁྲོན་དབུལ་སྐྱོར་དཔེ་བཟང་མི་སྣ་བཅུ་ལ་གཟེངས་རྟགས་སྤྲད་ཡོད།
2015ལོའི་དབུལ་སྐྱོར་ཉིན་མོའི་སི་ཁྲོན་གྱི་མུ་འབྲེལ་བྱེད་སྒོ་ཡི་བརྗོད་བྱ་ནི་ལྷག་སེམས་ལས་འཁྲུངས་པའི་བྱམས་བརྩེ་ཡིས། དྲོད་ཁོལ་གྱིས་ཁེངས་པའི་བདེ་སྐྱིད་བསྐྲུན་ཞེས་པ་དེ་ཡིན།
ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། བཟོ་ཞིང་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཁྲང་ཕིང་ཚོགས་ཞུགས་བྱས་ཏེ་གསུང་བཤད་གནང་།།