སྤྱི་ལོ་2015ལོའི་ཟླ་10པའི་ཚེས་8ཉིན། ཨ་རིའི་འཇིག་རྟེན་འཕུར་སྐྱོད་ཅུས་(NASA)ཀྱིས་སྐར་མ་གཤིན་རྒྱལ་བརྟག་ཞིབ་ཐིག་ལེན་ཡོ་བྱད་མཐོང་རྒྱ་གསར་པ་རྟགས་ཅན་གྱིས་བླངས་པའི་འདྲ་པར་ཞིག་ཁྱབ་བསྒྲགས་བྱས་ཤིང་། འདྲ་པར་ཐོག་ནས་མངོན་པར་གཞིགས་ན། རྒྱུ་སྐར་དམའ་མོ་འདིའི་རླུང་ཁམས་ཆེན་པོའི་དུད་སྨུག་ནི་སྔོན་པོ་རེད། མཐོང་རྒྱ་གསར་པ་རྟགས་ཅན་གྱི་ཚན་རིག་ཚན་ཆུང་གི་ཞིབ་འཇུག་པས་Carly Howettའདྲ་པར་ནང་གི་མདོག་སྔོན་པོ་དེས་ཁོ་ཚོར་སྐར་མའི་གོ་ལ་འདིའི་དུད་སྨུག་གི་གཞི་རྡུལ་གྱི་ཆེ་ཆུང་དང་གྲུབ་ཆ་བསྟན་ཡོད་ཟེར།
ཚན་རིག་ཚན་ཆུང་གི་ཞིབ་འཇུག་པས་བསྟན་དོན། སྤྱིར་བཏང་གནམ་སྔོན་པོ་ནི་ཧ་ཅང་ཆུང་བའི་གཞི་རྡུལ་དང་ཉི་འོད་ཐོར་འཕྲོའི་ནུས་པ་གཉིས་ཀྱིས་མཉམ་དུ་བསྐྱེད་པའི་འབྲས་བུ་ཞིག་ཡིན་ཏེ། སའི་གོ་ལའི་སྟེང་ཡིན་ན་གཞི་རྡུལ་འདི་དག་ནི་ཤིན་ཏུ་ཕྲ་བའི་ཆིང་འདུས་རྡུལ་གྱིས་གྲུབ་པ་ཞིག་ཡིན། སྐར་མ་གཤིན་རྒྱལ་སྟེང་ནས་བྱུང་བའི་གཞི་རྡུལ་ནི་དེ་ལས་ཆེ་བ་ཡིན་མོད། ཡིན་ནའང་ལྟོས་བཅས་ཀྱི་ཐོག་ནས་བཤད་ན་དེ་ཡང་ཧ་ཅང་ཆུང་། སོལ་དུད་ལྟ་བུའི་རིལ་རྡུལ་དེ་ལ་ང་ཚོས་སོ་ལིན་སི(tholins)ཞེས་འབོད་བཞིན་ཡོད་ཟེར།
སྐར་མ་གཤིན་རྒྱལ་གྱི་ཕྱི་ངོས་ནས་ཆུའི་འཁྱགས་པ་དམར་པོ་རྙེད།
ཨ་རིའི་འཇིག་རྟེན་འཕུར་སྐྱོད་ཅུས་(NASA)ཀྱིས་ཁྱབ་བསྒྲགས་བྱས་པའི་སྐར་མ་གཤིན་རྒྱལ་བརྟག་ཞིབ་ཐིག་ལེན་ཡོ་བྱད་མཐོང་རྒྱ་གསར་པ་རྟགས་ཅན་གྱིས་བླངས་པའི་འདྲ་པར།
ཨ་རིའི་འཇིག་རྟེན་འཕུར་སྐྱོད་ཅུས་(NASA)ཀྱིས་ཁྱབ་བསྒྲགས་བྱས་པའི་སྐར་མ་གཤིན་རྒྱལ་བརྟག་ཞིབ་ཐིག་ལེན་ཡོ་བྱད་མཐོང་རྒྱ་གསར་པ་རྟགས་ཅན་གྱིས་བླངས་པའི་འདྲ་པར། སྐར་མ་གཤིན་རྒྱལ་གྱི་ཕྱི་ངོས་ནས་ཆུའི་འཁྱགས་པ་དམར་པོ་རྙེད་པ།
སྐར་མ་གཤིན་རྒྱལ།