སྤྱི་ཟླ་9པའི་ཚེས་24ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ས་དི་ཨ་རབ་ཀྱི་གྲོང་ཁྱེར་མཱེ་རྐ་རུ་བྱུང་བའི་རྡོག་བརྫིས་ཐེབས་པའི་དོན་རྐྱེན་ལས་མི་1300རྐྱེན་ལམ་དུ་ཤོར་བ་དང་མི་2000ལྷག་ལ་རྨས་སྐྱོན་ཕོག དོན་རྐྱེན་ཁྲོད་ཨི་རན་རྒྱལ་ཁོངས་ཀྱི་མི་131རྐྱེན་ལམ་དུ་ཤོར་བ་དང་མི་150ལྷག་ལ་རྨས་ཕོག འདི་ནི་ལོ་ངོ་25རིང་གི་ཆེས་ཚབས་ཆེ་བའི་རྡོག་བརྫིས་ཐེབས་པའི་དོན་རྐྱེན་ཞིག་ཡིན་པར་མ་ཟད་ད་ལོའི་ཆོས་འཇལ་སྐབས་ཀྱི་དོན་རྐྱེན་ཚབས་ཆེན་གཉིས་པའང་རེད། །