ཞིང་ཆེན་འགོ་འཛིན་ཝའེ་ཧུང་གིས་མཛད་སྒོ་འགོ་ཚུགས་པའི་ཁྱབ་བསྒྲགས་བྱེད་བཞིན་པ།
སྤྱི་ཟླ་9པའི་ཚེས་25ཉིན་གྱི་སྔ་དྲོར། རྒྱལ་ཁབ་དང་ས་གནས་30ལྷག་གི་ཡུལ་སྐོར་ལས་རིགས་ཀྱི་སྐུ་མགྲོན་རྣམས་ལའོ་ཧྲན་གྲོང་ཁྱེར་ཏུ་འདུས་ཏེ། སྐབས་གཉིས་པའི་སི་ཁྲོན་རྒྱལ་སྤྱིའི་ཡུལ་སྐོར་བརྗེ་རེས་བཤམ་སྟོན་ཚོགས་འདུ་གཟབ་རྒྱས་ངང་སྤེལ། སི་ཁྲོན་རྒྱལ་སྤྱིའི་ཡུལ་སྐོར་བརྗེ་རེས་བཤམ་སྟོན་ཚོགས་འདུ་ནི་སི་ཁྲོན་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་བཤམས་སྟོན་ཚོགས་འདུའི་ལོ་རེའི་བརྗོད་དོན་ཆེན་པོ་གསུམ་གྱི་ཡ་གྱལ་ཅིག་ཡིན་པ་དང་། སི་ཁྲོན་ཞིང་ཆེན་ལོ་རེར་ཐེངས་རེའི་ཆེས་གལ་ཆེན་གྱི་ཡུལ་སྐོར་བརྗོད་དོན་བྱེད་སྒོའི་ཡ་གྱལ་ཡིན།
སྐབས་འདིའི་བཤམ་སྟོན་ཚོགས་འདུ་རུ་གླིང་ཆེན་ལྔ་ཡི་རྒྱལ་ཁབ་དང་ས་ཁུལ་གདན་ཞུ་ལྟར་བཤམ་སྟོན་དུ་སླེབས་ཡོད། དུས་མཚུངས་སུ། རྒྱལ་སྤྱི་དང་རྒྱལ་ནང་གི་མིང་གྲགས་ཅན་གྱི་ཁེ་ལས་དང་། ཚོང་མགྲོན་གལ་ཆེན་429ཡིས་ཉོ་སྒྲུབ་པའི་རུ་ཁག་གྲུབ་པ་དང་། ཞིང་ཆེན་ཡོངས་ནས་ཚོང་མགྲོན་419བསྡུས་ཏེ་ཚོང་སྒྲུབ་པའི་རུ་ཁག་བཙུགས་ནས་གཅིག་གཏད་གཅིག་གིས་ཉོ་ཚོང་བྱེད་སྤེལ་བཞིན་ཡོད། །