གཡུར་དུ་ཟ་བའི་འབྲས་བུ་སྨིན་པའི་སྟོན་གྱི་དུས་འདིར། དགའ་སྤྲོའི་ངང་ནས་བདེ་སྐྱིད་ཀྱི་འཚོ་བ་གསར་པ་བསུ་ཕྱིར། འབའ་ཐང་རྫོང་གི་སྲོལ་རྒྱུན་གྱི་དབྱར་གནས་དུས་ཆེན་དེ་སྤྱི་ཟླ་9པའི་ཚེས་12ཉིན་རྫོང་དེའི་ཀླུ་དབང་ཐང་དུ་གཟབ་རྒྱས་ངང་ནས་འགོ་ཚུགས།
དབྱར་གནས་དུས་ཆེན་ནི་རྫོང་དེའི་མི་དམངས་ཀྱིས་ལོ་ལེགས་བྱུང་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་སྲོལ་རྒྱུན་དུས་ཆེན་ཞིག་ཡིན་ཞིང་། སང་ལོར་ལོ་ལེགས་བྱུང་བའི་རེ་སྨོན་ཡང་ཡིན། དབྱར་གནས་དུས་ཆེན་གྱི་རིག་གནས་འཁྲབ་སྟོན་གྱི་ནང་དོན་གཙོ་བོ་འབའ་གཞས་དང་འབའ་ཐང་བོད་ཀྱི་ཟློས་གར་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་མིང་ཐོ་རུ་འགོད་པའི་ཆོག་མཆན་གནང་།
རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་དབྱར་གནས་དུས་ཆེན་དེ་དུས་ཡུན་ཉིན་8རིང་སྤེལ་རྒྱུ་དང་། ཡུལ་དངོས་སུ་《སྣང་ས་འོད་འབུམ།》《དྲིན་མེད་ཀུན་ལྡན།》《ཆོས་རྒྱལ་ནོར་བཟང་།》སོགས་བོད་ཀྱི་ལྷ་མོ་འཁྲབ་སྟོན་བྱ་རྒྱུ་རེད། དུས་མཉམ་དུ། རྫོང་དེའི་དཔལ་ཡོན་གཞུང་ལས་ཁང་གིས་རྩ་འཛུགས་བྱས་པའི་དཔལ་ཡོན་ལྡན་པའི་དབྱར་གནས་རང་འདུན་པའི་ཞབས་ཞུའི་བྱེད་སྒོ་སྤེལ་རྒྱུ་རེད།།