ས་གནས་དེ་གའི་ཚེས་11ཉིན་གྱི་དགོང་མོར། སོ་ཏི་ཨ་རབ་མ་ཁའི་ཡུལ་གྱི་དབྱི་སི་ལན་ཆོས་ལུགས་ཀྱི་གནས་མཆོག་མ་ཁའི་ཡུལ་གྱི་ཧའེ་ཧའོའོ་དགོན་པར་ལྕོག་རིང་ལྗིད་འདེགས་འཕྲུལ་འཁོར་རྡིབ་པའི་བྱུར་རྐྱེན་བྱུང་། མིག་སྔར། འཛམ་གླིང་གི་ཕྱོགས་སོ་སོ་ནས་སླེབས་པའི་གནས་མཇལ་བ་བསྡོམས་པས་མི་111རྐྱེན་ལམ་དུ་ཤོར་བ་དང་། མི་300ལྷག་ལ་རྨས་སྐྱོན་ཕོག་འདུག བྱུར་རྐྱེན་ཁྲོད་དུ་ཀྲུང་གོའི་གནས་མཇལ་བ་2ལ་རྨས་སྐྱོན་ཕོག་ཡོད།