༄༅།།དག་པའི་རྫ་ཆས་སྒྱུ་རྩལ་ལས་བཀྲག་མདངས་གསར་པ་འཚེར།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ་ལས་དྲངས། སྤེལ་དུས། 12-10


པར་འདི་གཉིས་ནི་དག་པའི་རྫ་དཀར་ལག་རྩལ་རྒྱུན་འཛིན་པས་རྫ་ཆས་བཟོ་བཞིན་པ།

ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་སྲུང་སྐྱོང་གཙོ་བོར་བྱེད་པ་དང་། མྱུར་སྐྱོབ་ཨང་དང་པོར་འཇོག་པ། བེད་སྤྱོད་ལུགས་མཐུན་གཏོང་བ། རྒྱུན་འཛིན་འཕེལ་རྒྱས་བྱེད་པའི་བླང་བྱ་མཐའ་འཁྱོངས་བྱས་ཏེ།  མལ་གྲོའི་བཟོ་བོའི་སྤུས་རྟགས་ཧུར་ཐག་བཏོད་པ་དང་།མངོན་མིན་རིག་གནས་ཤུལ་བཞག་ནུས་པ་འཕར་སྐྱེད་ཀྱི་རྣམ་གྲངས་གཉེར་འགོ་བརྩམས་ནས། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལ་དུས་རབས་གསར་པར་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་འཕེལ་རྒྱས་ཡོང་བར་བྱས་ཡོད།མིག་སྔར།  མལ་གྲོ་གུང་དཀར་རྫོང་དག་པ་གྲོང་ཚོས་རྒྱལ་ཁབ་རིམ་པའི་གྲོང་གསེབ་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཐོན་ལས་གླིང་བསྐྲུན་པར་འབད་འཐབ་ཧུར་ཐག་བྱས་ནས།ལོ་ངོ་སྟོང་གི་རྫ་ཆས་སྒྱུ་རྩལ་ལས་བཀྲག་མདངས་གསར་པ་འཚེར་བར་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1