“མཚར་སྡུག་འོད་སྟོང་འཕྲོ་བའི་སི་ཁྲོན་ལ་ལྟ་བ”ཞེས་པའི་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་དཀར་མཛེས་ཆེད་དོན་ཚོགས་འདུ་དེ་སི་ཁྲོན་གསར་འགྱུར་ཁྱབ་བསྒྲགས་ཐིང་དུ་འཚོགས།

གསར་འགོད་པ། ལི་ཅིང་། འཇིགས་མེད། ཚུལ་ཁྲིམས་བཟང་པོ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 11-15


སྤྱི་ཟླ་11པའི་ཚེས་15ཉིན་གྱི་སྔ་དྲོར། སི་ཁྲོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས“མཚར་སྡུག་འོད་སྟོང་འཕྲོ་བའི་སི་ཁྲོན་ལ་ལྟ་བ”ཞེས་པའི་བརྗོད་དོན་གཙོ་བོའི་མུ་འབྲེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ལས་དཀར་མཛེས་ཆེད་དོན་ཚོགས་འདུ་དེ་སི་ཁྲོན་གསར་འགྱུར་ཁྱབ་བསྒྲགས་ཐིང་དུ་འཚོགས་པ་དང་། དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥེང་ཧྥ་ཀུའེ་ཡིས“ལྷག་བསམ་རྣམ་དག་གིས་བོད་བརྟན་ཁམས་བདེ། སྣོད་བཅུད་སྲུང་ཡོལ། ནང་ཤུགས་སྐྲུན་པ་བཅས་ཀྱི་འགན་འཁྲི་གཙང་ལེན་བྱས་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་དཀར་མཛེས་གསར་པ་འཛུགས་སྐྲུན་བྱས་ཚུལ”ངོ་སྤྲོད་བྱས། དེ་བཞིན་དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ། རྒྱུན་ལས་ཁུལ་དཔོན་གཞོན་པ་ཝང་ཡུས་ཆུང་དང་། དཀར་མཛེས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་རིག་གནས་རླུང་འཕྲིན་བརྙན་འཕྲིན་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ལིའུ་ཧུང་། དཀར་མཛེས་ཁུལ་འཕེལ་བསྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཀྲོའུ་ཧྲི་ཝུའུ་བཅས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ལ་ཞུགས་པར་མ་ཟད། གསར་འགོད་པའི་དྲི་བར་ལན་བརྒྱབ་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1