སྨན་རྫས་སྤུས་ཚད་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྨན་རྫས་འཐེན་བཤེར་ལས་དོན་གྱིས་སྨན་རྫས་སྤུས་ཚད་ཀྱི་གནད་དོན་ཤེས་རྟོགས་དང་ཉེན་ཁ་སྔོན་འགོག་ཚོད་འཛིན་ཐད་ཀྱི་ལག་རྩལ་འདེགས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་སྨན་སྤྱོད་བདེ་འཇགས་འགན་སྲུང་བྱ་ཆེད། ཉེ་ཆར། མཛོད་དགེ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ལོ་ཧྲིལ་པོའི་སྨན་རྫས་བདེ་འཇགས་ལྟ་སྐུལ་དོ་དམ་ལས་དོན་གྱི་གཙོ་གནད་དང་ཟུང་འབྲེལ་བྱས་ནས། 2024ལོའི་སྨན་རྫས་སྤུས་ཚད་ལྟ་སྐུལ་དཔེ་འཐེན་ལས་དོན་སྤེལ།
མཛོད་དགེ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྔོན་ལ་ཞིབ་བཤེར་དང་རྗེས་སུ་དཔེ་འཐེན་བྱེད་པའི་རྩ་དོན་གཞིར་བཟུང་ནས་དཔེ་འཐེན་སྨན་ཚོང་ཁང་གི་ཚོང་ཟོག་ནང་འདྲེན་ཐབས་ལམ་དང་གསོག་ཉར་ཆ་རྐྱེན། བདག་སྐྱོང་སོགས་ཕྱོགས་མང་པོར་ཞིབ་བཤེར་བྱས་ཏེ། སྨན་རྫས་སྣ་ཚོགས་ཀྱི་སྤུས་ཚད་བདེ་འཇགས་གནས་ཚུལ་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱས། དུས་ཐོག་ཏུ་ཉེན་ཁ་དང་མངོན་མེད་རྐྱེན་ངན་སེལ་ནས་དཔེ་འཐེན་སྨན་ཚོང་ཁང་གི་སྨན་རྫས་སྤུས་ཚད་དོ་དམ་ནུས་པ་ཆེ་རུ་གཏོང་བར་རམ་འདེགས་བྱས།
ཐེངས་འདིའི་སྨན་རྫས་འཐེན་བཤེར་ནང་སྨན་རྫས་ཁག་13བླངས་ནས་འཐེན་བཤེར་བྱ་ཡུལ་གྱིས་སྨན་རྫས་སིལ་འཚོང་དང་བེད་སྤྱོད་གཅིག་གྱུར་ལྟ་རྟོག་བྱས། སྨན་རྫས་ཁྲོད་རྫས་འགྱུར་སྨན་དང་དུག་སྲིན་འགོག་སྨན། ཀྲུང་ལུགས་སྨན་རྒྱུ། ཀྲུང་ལུགས་སྨན་རྫས་སོགས་རིགས་མང་པོ་ཚུད་ཡོད། སྨན་རྫས་དཔེ་འཐེན་བྱེད་པའི་བརྒྱུད་རིམ་ནང་དཔེ་འཐེན་མི་སྣས་ལྟ་སྐུལ་དང་དཔེ་འཐེན་ཞིབ་བཤེར་གྱི་སྒྲིག་སྲོལ་ལ་བརྩི་སྲུང་ནན་མོ་བྱས་ཏེ་སྨན་རྫས་ཀྱི་འགག་རྩའི་ཆ་འཕྲིན། དཔེ་འཐེན་ཚད་གཞི་དང་ཆོག་མཆན་ཨང་གྲངས། ཐོན་སྐྱེད་ལས་ཁུངས་སོགས་ཀྱི་ཆ་འཕྲིན་ལ་ཞིབ་བསྡུར་ནན་མོ་བྱས། ཡུལ་དངོས་ནས་《སྨན་རྫས་དཔེ་འཐེན་ཟིན་ཐོ》དང《སྨན་རྫས་དཔེ་འཐེན་གསལ་བཤད་དང་གསལ་ཐོ》པར་བསྐྲུན་བྱས་ཏེ་མིང་རྟགས་བཀོད་ནས་ཐམ་ཀ་བརྒྱབ། དཔེ་འཐེན་གྲངས་འབོར་ཡང་དག་ལ་ཐུམ་སྒྲིལ་ཚད་ལྡན་ཡིན་པ། བརྒྱུད་རིམ་ལུགས་མཐུན་ཡོང་བར་འགན་ལེན་བྱས།
རྗེས་ཕྱོགས་མཛོད་དགེ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ལྟ་སྐུལ་དང་ཞིབ་བཤེར་ཟུང་འབྲེལ་གྱིས་སྨན་རྫས་བདེ་འཇགས་ཀྱི་མཚམས་ཐིག་བརྟན་སྲུང་བྱས་ནསམང་ཚོགས་ཀྱི་སྨན་རྫས་བདེ་འཇགས་འགན་ལེན་བྱ་རྒྱུ་རེད།