དེ་རིང་ཕྱི་དྲོར། སི་ཁྲོན་ཞིང་ཆེན་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་དང་ཞིང་ཨུའི་བོད་འབྲེལ་གཞུང་ལས་ཁང་གིས་གཙོ་སྒྲུབ་བྱས་པའི་བོད་རབ་རྒྱན་ཤིང་ཕོ་འབྲུག་ལོའི་ལོ་སར་ཇ་སྟོན་ཚོགས་འདུ་ཁྲེང་ཏུའུ་རུ་སྤེལ།
ཚོགས་ཐོག་ཏུ་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུ། ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཀྲའོ་ཅུན་མིང་གིས་གསུང་བཤད་གནང་།
ཞིང་ཆེན་དམངས་ཆེན་དང་། ཞིང་ཆེན་མི་དམངས་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཨུའི་བོད་འབྲེལ་གཞུང་ལས་ཁང་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་དང་ཞིང་ཆེན་གྱི་འགོ་ཁྲིད་རྒན་པ། དེ་མིན་བོད་འབྲེལ་ཁེ་ལས་དང་རིག་གནས་སྡེ་ཁག །སློབ་ཆེན་དགེ་རྒན། ཆེད་མཁས་པ། གསར་འགྱུར་ལས་ཁུངས་སོགས་སྡེ་ཁག་སོ་སོའི་མཚོན་བྱེད་མི་སྣ་གདན་འདྲེན་ཞུས་པ་དང་། ཚོགས་ཐོག་ཏུ་བོད་ཀྱི་སྲོལ་རྒྱུན་ཟས་རིགས་སྣ་ཚོགས་གྲ་སྒྲིག་བྱས་ཡོད་པར་མ་ཟད། གླུ་གར་དང་ཞབས་བྲོ་སོགས་འཁྲབ་ནས་གར་གྱི་སྟངས་སྟབས་དང་དབྱངས་ཀྱི་འགྱུར་ཁུག་མཉམ་དུ་དགའ་སྤྲོ་ཆེན་པོས་བོད་ཀྱི་ལོ་སར་ལ་བསུ་མ་ཞུས། །