སྤྱི་ལོའི་ལོ་གསར་གྱི་གུང་གསེང་ཉིན་གསུམ་གྱི་རིང་ལ། རྔ་བ་ཁུལ་གྱིས་ལྗོངས་རྒྱུ་བ་མི་ཐེངས་40.8537སྣེ་ལེན་བྱས་ཤིང་། ལྗོངས་སྐོར་གྱི་ཡོང་སྒོ་སྒོར་དུང་ཕྱུར་3.22ལོན་པ་དང་། 2023ལོའི་དུས་མཚུངས་ལས་སོ་སོར་བརྒྱ་ཆ་49.03དང་བརྒྱ་ཆ་56.55འཕར་ཡོད། དེ་ལས་གཟི་རྩ་སྡེ་དགུ་དང་། གསེར་མཚོ། རི་བོ་སྐུ་བླ། ཏ་ཁོག་འཁྱགས་རོམ་བཅས་ལྗོངས་ཁུལ་ཆེན་པོ་བཞི་རུ་ལྗོངས་རྒྱུ་བ་མི་ཐེངས་63854སྣེ་ལེན་བྱས་པ་དང་། སྒོ་བྱང་གི་ཡོང་སྒོ་སྒོར་ཁྲི་277.36ལོན་ཡོད། 2023ལོའི་དུས་མཚུངས་ལས་སོ་སོར་བརྒྱ་ཆ་150.47དང་བརྒྱ་ཆ་134.87འཕར་ཡོད་ལ། ལིས་རྫོང་པི་ཕུང་ལུང་པའི་ལྗོངས་ཁུལ་གྱིས་ལྗོངས་རྒྱུ་བ་ཨང་ཁྲི་100བུད་པ་དང་། ཆེས་མང་དུས་ཉིན་རེར་ལྗོངས་རྒྱུ་བ་17374སྣེ་ལེན་བྱས་ཡོད། ཏ་ཁོག་འཁྱགས་རོམ་ལྗོངས་ཁུལ་དུ་བསྟུད་མར་ཉིན་གཉིས་ཀྱི་རིང་ལ་ཉིན་རེར་ལྗོངས་རྒྱུ་བ་5000སྣེ་ལེན་བྱས་ཤིང་། ལོ་ཧྲིལ་པོའི་ལྗོངས་རྒྱུ་བ་མི་ཐེངས་ཁྲི་25ལས་བརྒལ་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། །