མཛོད་དགེ་རྫོང་ཞིང་ལས་དངུལ་ཁང་གིས་དཔྱིད་ཟླ་བསུ་བའི་ལས་སྒོ་སྤེལ།

གསར་འགོད་པ། བཀྲ་ཤིས་ལྷ་མོ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 01-03


སྤྱི་ཟླ་དང་པོའི་ཚེས་གཅིག་ཉིན། གནམ་ལོ་གསར་ཚེས་ལ་མཛོད་དགེ་ཞིང་ལས་དངུལ་ཁང་གིས་ཟླ་བ་གཉིས་ཀྱི་རིང་ལ་འཆར་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱས་པར་བརྒྱུད། དུས་ཆེན་གྱི་རྣམ་པ་ལྡན་པའི་ཞབས་ཞུ་ཁོར་ཡུག་བསྐྲུན་ཏེ། སེམས་མཐུན་དཔྱིད་བསུ་དང་ཐུན་མོང་ཕྱུག་འགྱུར་གྱི་ལས་སྒོ་སྤེལ་ནས། རྒྱ་ཆེའི་འཛད་སྤྱོད་པར་དངུལ་རྩའི་ཞབས་ཞུ་མཁོ་འདོན་བྱས།

དམངས་ལ་དོན་དངོས་སྒྲུབ་ནས་དམངས་ཕན་སྲིད་ཇུས་ཁྱབ་གདལ་གཏོང་ཆེད། ཐེངས་འདིའི་དཔྱིད་བསུ་ལས་སྒོ་གནམ་ལོ་གསར་ཚེས་ལ་སྤེལ་ནས་ཞིང་འབྲོག་མང་ཚོགས་ལ་དངུལ་བུན་སྒོར་ཁྲི་1125བཏང་། ཁྲིམས་མིའི་དངུལ་བུན་སྒོར་ཁྲི་8280བཏང་། ཞིང་དུད་ཀྱི་ཡིད་རྟོན་དངུལ་བུན་གཏོང་བ་དང་ལོ་གསར་གྱི་དངུལ་ལོ་བརྗེ་འགྲུལ། དམིགས་བསལ་མི་ཚོགས་དང་རྒན་རྒོན་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་བྱེད་སྒོ་སྤེལ། གཞན་དྲ་ལམ་དངུལ་ཁང་དང་སྨན་བཅོས་དང་སྤྱི་ཚོགས་འགན་བཅོལ་དཔང་འཛིན་སོགས་ཀྱི་ལས་སྒོ་སྤེལ་ནས། རང་འགུལ་སྒོས་མང་ཚོགས་ཀྱི་དངུལ་རྩའི་དགོས་མཁོར་གཞིགས་ནས་དཀའ་གནད་བསལ།

མཛོད་དགེའི་ཞིང་ལས་དངུལ་ཁང་གི་འགོ་འཛིན་གྱི་ལག་རོགས་རིན་ཆེན་སྒྲོལ་མས་བཤད་རྒྱུར། ཞིང་ལས་དངུལ་ཁང་གི་ཚབ་བྱས་ཏེ་ཚང་མར་གནམ་ལོ་གསར་པར་བཀྲ་ཤིས་བདེ་ལེགས་ཞུ། རྫོང་ཨུ་དང་རྫོང་སྲིད་གཞུང་། རྒྱ་ཆེའི་ཚོང་མགྲོན་རྣམས་ཀྱིས་ཞིང་ལས་དངུལ་ཁང་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ། གནམ་ལོ་གསར་ཚེས་ལ་མཛོད་དགེ་རྫོང་ཡན་ལག་དངུལ་ཁང་གིས་རྒྱབ་ཁབ་དང་སྤྱི་ཚོགས། ཚོང་མགྲོན་གྱི་ཆེད་དུ་ཞབས་ཞུ་གང་ལེགས་བཏོན་ནས། དམངས་ཕན་སྲིད་ཇུས་ལེགས་འདོན་སྒོས་ཐོག་མའི་བསམ་འདུན་མ་བརྗེད་པར། གྲོང་གསེབ་དར་སྤེལ་ལ་དངུལ་རྩའི་དྲང་ནུས་མཁོ་འདོན་བྱས་ཏེ་སྤྲོ་སྐྱིད་དངུལ་ཁང་ལེགས་འཛུགས་བྱས། གནམ་ལོ་གསར་པའི་ནང་ཚང་མར་ལུས་ལ་ན་ཚ་མེད་པར་བསམ་དོན་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ།  

སྒེར་གཉེར་བཟོ་ཚོང་མ་རུའེ་ལིན་གྱིས་བཤད་རྒྱུར།  ཟ་ཁང་ལེགས་སྐྲུན་ལ་མ་དངུལ་ངེས་ཅན་དགོས། ཞིང་ལས་དངུལ་ཁང་ལ་གཏའ་མ་མི་དགོས་པའི་ཞིང་དུད་ཡིད་རྟོན་དངུལ་བུན་ཡོད་པ་ཤེས། རྒྱུ་ཆ་ཡར་སྤྲད་རྗེས་འཕྲལ་མར་སྒོར་མོ་འབྱོར་ཐུབ་པས། གནམ་ལོ་གསར་ཚེས་ཀྱི་ཉིན་དང་པོར་དགའ་པོ་བྱུང་ཡོད། ཞིང་ལས་དངུལ་ཁང་གི་དངུལ་རྩའི་རྒྱབ་སྐྱོར་ལ་ཐུགས་རྗེ་ཆེ་ཞུ། ང་ཚོས་དངོས་གནས་དམངས་ཕན་སྲིད་ཇུས་ལོངས་སྤྱོད་ཐུབ་བྱུང་། 

ཞིང་ལས་དངུལ་ཁང་གི་ལས་དོན་མི་སྣས་རྗེས་ཕྱོགས་ཁོ་ཚོས་དངུལ་བུན་གཏོང་སྟབས་བདེ་ལ་མྱུར་བ། འགྲོ་ལུགས་སྟབས་བདེ་བཅས་ལ་དམིགས་ནས་དྲ་ལམ་དངུལ་རྩའི་ཞབས་ཞུ་མཁོ་འདོན་བྱས་ཏེ།  དངུལ་རྩའི་དམངས་ཕན་སྲིད་ཇུས་མཛོད་དགེ་རྫོང་དུ་དོན་འཁྱོལ་སྒོས། ཞིང་འབྲོག་མང་ཚོགས་ལ་སྟབས་བདེ་བསྐྲུན་ནས་དངུལ་རྩའི་གསོན་ཤུགས་མཛོད་དགེ་མཐོང་བ་ཀུན་སྨོན་ནས་རྒྱས་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ་བསྟན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1