བརྒྱུད་རིམ་ཧྲིལ་པོར་དམངས་གཙོ་ལག་ལེན་དུ་བསྟར་བ་ནི་ལོ་རྒྱུས་ཀྱི་གདམ་ག་དང་དུས་རབས་ཀྱི་འབོད་སྐུལ་ཡིན་ལ། མི་དམངས་ཀྱི་བསམ་འདུན་ཡང་ཡིན། ཐང་སྐོར་གྲོང་རྡལ་གྱི་གྲོང་གསེབ་དར་སྤེལ་གྱི་འགག་སྒྲོལ་ཁྲོད་དཔལ་འབྱོར་སྤུས་ལེགས་འཕེལ་རྒྱས་ཀྱིས་རམ་འདེགས་བྱེད་དགོས་པ་མ་ཟད། བརྒྱུད་རིམ་ཧྲིལ་པོར་དམངས་གཙོ་ལག་ལེན་དུ་བསྟར་ནས་མི་དམངས་ཀྱིས་རང་ཁྱིམ་རང་བདག་གི་རྨང་རྡོ་ཇེ་བརྟན་དུ་གཏོང་བར་འགན་ལེན་བྱེད་དགོས། ཐང་སྐོར་གྲོང་རྡལ་དམངས་ཆེན་གྱིས་འཐུས་མིའི་འབྲེལ་གཏུག་ས་ཚིགས་ལ་ཁྲིམས་འཛུགས་འབྲེལ་གཏུག་གྱི་ནུས་པ་དང་དམངས་དོན་གཉེར་བའི་ཁྱད་ཆོས་ལེགས་འདོན་གྱིས་ཐང་སྐོར་གྲོང་རྡལ་གྱི་དམངས་ཆེན་གྱི་གཞི་རིམ་རྨང་གཞི་ཇེ་ལེགས་སུ་བཏང་།
ནུས་ཤུགས་མཉམ་འདོན་ཁྲོད་སྒུལ་ཤུགས་བསྣན། ཐང་སྐོར་གྲོང་རྡལ་མི་དམངས་འཐུས་ཚོགས་ཀྱིས་ཏང་ཨུའི་འགོ་ཁྲིད་འོག །རང་འགན་གཙང་སྒྲུབ་བྱས་ཏེ་ཀྲུང་དབྱང་མི་དམངས་འཐུས་ཚོགས་ལས་དོན་ཚོགས་འདུའི་དགོངས་དོན་དང་། ཞིང་ཨུ་དང་ཁུལ་ཨུ། རྫོང་ཨུ་བཅས་ཀྱི་མི་དམངས་འཐུས་ཚོགས་ལས་དོན་སྐོར་གྱི་བཀོད་སྒྲིག་བླང་བྱ་དུས་ཐོག་ཏུ་ལག་བསྟར་དོན་འཁྱོལ་གནང་ཞིང་། གྲོང་རྡལ་མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་བཀོད་འགན་དབང་ལག་བསྟར་ནན་སྐུལ་དང་། ལྟ་སྐུལ་གྱི་ཕན་འབྲས་དངོས་ཇེ་ཆེར་གཏོང་བའི་བྱེད་ཐབས་བཀོལ་ནས་ཐབས་ལམ་འཚོལ་ཞིབ་དང་ལག་ལེན་ཧུར་ཐག་བྱས་ཏེ། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་གྱི་ཁྲིམས་བཀོད་རང་བཞིན་དང་དབང་གྲགས་རང་བཞིན་ཆེ་རུ་བཏང་། སྟོབས་ཤུགས་གཅིག་སྒྲིལ་ཁྲོད་འགུལ་སྤྱོད་ཀྱི་ནུས་པ་གང་ལེགས་བཏོན། ཐང་སྐོར་གྲོང་རྡལ་མི་དམངས་འཐུས་ཚོགས་ཀྱིས་ཡང་དག་པའི་བསམ་བློ་མཐའ་འཁྱོངས་སྒོས་ཏང་ཨུ་དང་ཚད་མཐོའི་ཐོག་གཅིག་གྱུར་ཡོང་བར་བྱས། མ་ལག་བསམ་གཞིགས་ཀྱིས་ཅན་བཞིའི་འཛུགས་སྐྱོང་ལ་མཛུབ་སྟོན་བྱས་ཏེ། གཙོ་གནད་ཐོད་བརྒལ་དང་ཁྱོན་ཡོངས་སྐུལ་འདེད་རྒྱུན་འཁྱོངས་བྱས། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྣེ་ཁྲིད་བྱས་ཏེ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཅན་བཞིའི་འཛུགས་སྐྱོང་དུ་བསྒྱུར་བར་སྐུལ་འདེད་བཏང་། མ་ལག་ཅན་དང་གཅིག་བསྡུས་ཅན་གྱི་ལས་ཀའི་ལམ་སྲོལ་དང་ཚད་གཞི་འགན་འཁྲི་སྒྲུབ་པའི་ཆ་འཕྲིན་ལས་སྟེགས་སུ་རིམ་སྤོར་བྱས་ཏེ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་མཉམ་ཤུགས་ཆགས་པ་དང་གསར་གཏོད་གང་ལེགས་བྱས།
བྱས་རྗེས་འཇོག་པའི་ཁྲོད་ཕན་ནུས་དངོས་ཐོན་པ་མངོན་འགྱུར་བྱས། ཐང་སྐོར་གྲོང་རྡལ་མི་དམངས་འཐུས་ཚོགས་ཀྱིས་དངོས་གཉེར་གྱི་བྱ་ཐབས་སྤྱད་དེ་ས་ཚིགས་ཀྱི་འཐུས་མིའི་སློབ་སྦྱོང་སྤེལ་རེས་ལས་སྟེགས་དང་དམངས་འདུན་བསྡུ་རུབ་ཀྱི་ལས་སྟེགས། སྲིད་ཇུས་དྲིལ་བསྒྲགས་ལས་སྟེགས་དང་ཁྲིམས་ལྟར་ལྟ་སྐུལ་ལས་སྟེགས་བཅས་བསྐྲུན་ནས། འཐུས་མིའི་དྲིལ་བསྒྲགས་ས་ཚིགས་དང་དམངས་འདུན་སྒེའུ་ཁུང་། དམངས་སེམས་འབྲེལ་ཟམ། ལྟ་སྐུལ་ལས་གནས་བཅས་བྱེད་ནུས་ལྔ་ལེགས་འདོན་ལ་སྐུལ་འདེད་སྒོས་མི་དམངས་མང་ཚོགས་ལ་འབྲེལ་འདྲིས་དམ་ཟབ་བྱས། །